ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལི་རྒྱལ་སའི་ཉེན་རྟོག་ཅུའུ་ཞིག་ལ་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་ཐེབས་ཏེ་མི་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལི་རྒྱལ་སའི་ཉེན་རྟོག་ཅུའུ་ཞིག་ལ་ཚེས་དགུ་ཉིན་གྱི་དགོང་མོར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་ཐེབས་ཏེ་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་།  མི་དྲུག་ལ་རྨས་ཕོག

སོ་མཱ་ལི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ས་ཏི་ཁུ་ཡ་ཏིན་ཨ་ལིས་ཀྱིས་བཤད་རྒྱུར།    རང་སྲོག་གཅོད་པའི་འཇབ་རྒོལ་མཁན་ཞིག་གིས་ཉིན་དེའི་དགོང་མོར་མོ་ཅཱ་ཏི་ཧྲའི་ཝ་པེ་ལི་ཆུའུ་ཡི་ཉེན་རྟོག་ཅུའུ་རུ་འགད་རྫས་འགས་གཏོར་བཏང་སྟེ་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་།  དེའི་ནང་དུ་ཝ་པེ་ལི་ཆུའུ་ཡི་ཉེན་རྟོག་དཔོན་པོ་ཞིག་དང་ཉེན་རྟོག་དཔོན་པོ་གཞོན་པ་ཞིག  དམག་མི་གསུམ།  མི་སེར་དཀྱུས་མ་གཅིག་བཅས་མི་དྲུག་འདུས་པ་དང་།  མི་དྲུག་ལ་རྨས་ཕོག་ཟེར།

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར།   འཇབ་རྒོལ་དོན་རྐྱེན་བྱུང་སྐབས་ཉེན་རྟོན་ཅུའུ་དེའི་མཐའ་འཁོར་དུ་མི་སེར་དཀྱུས་མ་མང་པོ་ཡོད་པ་དང་།  འགས་གཏོར་གྱི་ཚད་ཅུང་ཆེ་བས་འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།

མིག་སྔར།   རྩ་འཛུགས་གང་གིས་ཀྱང་ཐེངས་འདིའི་དོན་རྐྱེན་བཟོས་པ་ཁྱབ་བསྒྲགས་བྱས་མེད།   དབྱེ་ཞིབ་མི་སྣས་བལྟས་ན།   སོ་མཱ་ལི་ཐལ་སྤྱོད་རྩ་འཛུགས་ན་གཞོན་ཏང་ཞེས་པས་རྒྱུན་པར་རིགས་དེ་མཚམས་ཀྱི་འཇབ་རྒོལ་དོན་རྐྱེན་བཟོ་བཞིན་ཡོད།

ཉིན་དེར་སོ་མཱ་ལི་སྲིད་གཞུང་དམག་གིས་རྒྱལ་ཁབ་དེའི་དབུས་ཕྱོགས་ཀྱི་ཞི་ལན་མངའ་སྡེ་རུ་དམག་དོན་འགུལ་སྐྱོད་སྤེལ་ཏེ་ན་གཞོན་ཏང་ཞེས་པའི་དྲག་ཆས་ཉེས་ཅན་བདུན་བསད་པ་དང་།   དྲག་ཆས་ཉེས་ཅན་བཅུ་བདུན་རྨས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།