ཀྲུང་གོ་བོད་ཀྱི་དྲ་བ།

བལ་བོར་པྲོག་གསར་གློ་ཚད་རིམས་ནད་མཆེད་པ་ཅུང་ཛ་དྲག་ཏུ་ཕྱིན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྟུད་མུར་ཉིན་འགའི་རིང་ལ། བལ་བོར་པྲོག་གསར་གློ་ཚད་རིམས་ནད་མཆེད་པའི་རྣམ་པ་སྔར་ལས་ཛ་དྲག་ཏུ་ཕྱིན། བལ་བོའི་འཕྲོད་བསྟེན་དང་མི་གྲངས་པུའུ་ཡིས་ཚེས་དྲུག་ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། བལ་བོར་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ་ཡི་ཁ་གྲངས་ཇེ་མཐོར་ཕྱིན་ཏེ་ནད་པ་སྟོང་བརྒྱད་དང་དགུ་བརྒྱ་བདུན་ཅུ་ལ་བུད་པ་དང་། ཁྱོན་བསྡོམས་ནད་པ་འབུམ་གསུམ་དང་ཁྲི་དྲུག་སྟོང་བརྒྱད་ལྔ་བརྒྱ་བརྒྱད་ཅུར་སླེབས། གསར་དུ་ཤི་བའི་ནད་པ་ང་བཞི་དང་ཁྱོན་བསྡོམས་ནད་པ་སྟོང་གསུམ་དང་ལྔ་བརྒྱ་ཉེར་དགུ་རིམས་ནད་ཁྲོད་ཤི།

གཞི་གྲངས་ལྟར་ན། འདས་པའི་ཉིན་འགའི་རིང་ལ། བལ་བོར་ཉིན་གཅིག་གི་རིང་ལ་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ་ཡི་ཁ་གྲངས་ཆེས་མང་ཤོས་སུ་སླེབས། བལ་བོའི་འཕྲོད་བསྟེན་དང་མི་གྲངས་པུའུ་ཡིས་ཚེས་ལྔ་ཉིན་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཀ་ཏ་མན་རྡུ་སློབ་ཆེན་གྱི་ཞིབ་འཇུག་པ་ཧྲི་ལེ་ཟི་ཐི་ཡིས་བཤད་རྒྱུར། ད་ལྟའི་བལ་བོ་ནི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཚ་རླབས་མཆེད་ཐེངས་གཉིས་པའི་དུས་མགོ་ན་གནས་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།