ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་དང་ཐུར་ཁེ་གཉིས་ཀྱིས་འབྲེལ་བ་རྒྱུན་ལྡན་ཅན་དུ་བསྒྱུར་བའི་ཐད་ནས་འཚོལ་ཞིབ་རང་བཞིན་གྱི་གྲོས་མོལ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་དང་ཐུར་ཁེ་གཉིས་ཀྱིས་ཚེས་དྲུག་ཉིན་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་བསྒྱུར་བའི་ཐད་ནས་ཁའེ་ལའོ་ནས་དུས་ཡུན་ཉིན་གཉིས་རིང་གི་འཚོལ་ཞིབ་རང་བཞིན་གྱི་གྲོས་མོལ་བསྡུས།

གསལ་བསྒྲགས་ནང་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་ནི་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གཞོན་པས་མགོ་འཛིན་འོག་བསྡུས་པ་དང་། ཕྱོགས་གཉིས་ཀྱིས་ཐེངས་འདིའི་གྲོས་མོལ་གྱི་གྲུབ་འབྲས་ལ་དཔྱད་འཇོག་བྱེད་པ་མ་ཟད་གོ་རིམ་རྗེས་མའི་འགུལ་སྐྱོད་ཐད་ནས་གྲོས་ཞིབ་བྱས། ཕྱོགས་གཉིས་ཀྱིས་གྲོས་མོལ་ཁྲོད་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ལི་པི་ཡ། སི་རི་ཡ། དབྱི་རག་གི་གནས་བབ་སོགས་ས་ཁུལ་གྱི་གནད་དོན་ཐད་ནས་གྲོས་སྡུར་ཟབ་མོ་བྱས་ཏེ། མཚོ་དབུས་རྒྱ་མཚོ་ཤར་མའི་ཁུལ་ཁོངས་ཀྱི་ཞི་བདེ་དང་བདེ་ཐང་ལ་མངོན་འགྱུར་བྱེད་པའི་རེ་བ་བཅངས་ཡོད་ཟེར།

༢༠༡༣ལོའི་ཨེ་ཅིབ་ཀྱི་སྔོན་ཆད་ཀྱི་ཙུང་ཐུང་མུའུ་ཨེར་ཞི་སྲིད་སྟེགས་ནས་མར་བབ་རྗེས། ཨེ་ཅིབ་དང་ཐུར་ཁེའི་འབྲེལ་བ་ཇེ་སྡུག་ཏུ་སོང་བ་དང་། རྒྱལ་ཁབ་གཉིས་ཀྱིས་དེའི་རྗེས་ཕྱི་ཕྱོགས་འབྲེལ་བའི་རིམ་པ་ཇེ་དམའ་རུ་བཏང་། དེ་ལས་གཞན། ཕྱོགས་གཉིས་ཀྱིས་ལི་པི་ཡའི་གནད་དོན་དང་མཚོ་དབུས་རྒྱ་མཚོ་ཤར་མའི་སྣུམ་རླངས་ཐོན་ཁུངས་གསར་སྤེལ་སོགས་གནད་དོན་ཐད་ནས་ཀྱང་འགལ་རྩོད་བྱུང་། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།