ཀྲུང་གོ་བོད་ཀྱི་དྲ་བ།

པ་ཞི་ཉེན་རྟོག་ཕྱོགས་ཀྱིས་ཐལ་སྤྱོད་རྩ་འཛུགས་ལ་རྒོལ་བའི་འགུལ་སྤྱོད་ཁྲོད་དོགས་ཡོད་ཉེས་ཅན་ཉེར་བཞི་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པ་ཞི་རྒྱལ་ཁབ་ཀྱི་ལི་ཡེའོ་རེ་ནེ་ལུའུ་དམངས་དོན་ཉེན་རྟོག་ཅུའུ་ཡིས་ཚེས་དྲུག་ཉིན་བསྒྲགས་པ་ལྟར་ན། ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་གྲོང་ཁྱེར་དེའི་དབུལ་བོའི་གཞིས་ཁུལ་ཞིག་ཏུ་ཐལ་སྤྱོད་རྩ་འཛུགས་ལ་རྒོལ་བའི་འགུལ་སྤྱོད་ཁྲོད་དུ་དོགས་ཡོད་ཉེས་ཅན་ཉེར་བཞི་བསད་པ་དང་།  ཉེན་རྟོག་པ་གཅིག་རྐྱེན་ལམ་དུ་ཤོར་ཟེར།

གསལ་བསྒྲགས་ནང་བཤད་རྒྱུར།   ཉེན་རྟོག་ཕྱོགས་ཀྱིས་ཁ་པར་ལ་ལྐོག་ཉན་བྱས་པ་བརྒྱུད།   ཐལ་སྤྱོད་རྩ་འཛུགས་ཀྱི་གསར་བརྗེའི་དམག་སྤྱི་ཁང་གི་ཁོངས་མི་སྐོར་ཞིག་གི་ལི་ཡེའོ་རེ་ནེ་ལུའུ་མཁར་བྱང་ཁུལ་གྱི་སྦས་སྐོང་བྱེད་ཡུལ་གཏན་ཁེལ་བྱས་པ་དང་།  ཚེས་དྲུག་ཉིན་གྱི་ཞོགས་པར།   ཉེན་རྟོག་པ་ཉིས་བརྒྱ་ལྔ་བཅུ་ལྷག་གྱེན་འཕུར་གནམ་གྲུ་གཉིས་དང་འཁྲབ་ལྡན་འཁོར་ལོ་བཞི་ཡི་འགེབས་སྲུང་འོག་ཏུ།   དོགས་ཡོད་ཉེས་ཅན་གྱི་སྦས་སྐོང་བྱེད་ཡུལ་དུ་སོང་ནས་འཛིན་བཟུང་འགུལ་སྤྱོད་སྤེལ།  ཐེངས་འདིའི་འགུལ་སྤྱོད་ཁྲོད་དུ་དོགས་ཡོད་ཉེས་ཅན་ཉེར་བཞི་བསད་པ་དང་།  ཉེན་རྟོག་པ་གཅིག་རྐྱེན་ལམ་དུ་ཤོར། དེ་མིན་ཉེན་རྟོག་པ་གཉིས་དང་མི་སེར་དཀྱུས་མ་ཁ་ཤས་ལ་རྨས་ཕོག་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།