ཀྲུང་གོ་བོད་ཀྱི་དྲ་བ།

སུའེ་ཏེན་དུ་རིམ་རྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་ས་ཡ་གཅིག་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའེ་ཏེན་གྱི་སྤྱི་བའི་འཕྲོད་བསྟེན་ཅུའུ་ཡིས་ཚེས6ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན་སུའེ་ཏེན་དུ་རིམ་རྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་ས་ཡ་གཅིག་ལས་བརྒལ་བ་སྟེ། ཁྱོན་སྡོམ་ནད་པ་ས་ཡ་གཅིག་དང་སྟོང་གཉིས་བརྒྱ་དང་ཉེར་གཅིག་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཁྲི་གཅིག་སྟོང་བཞི་བརྒྱ་དང་ང་བརྒྱད་ལ་སླེབས།

སུའེ་ཏེན་གྱི་སྤྱི་བའི་འཕྲོད་བསྟེན་ཅུའུ་ཡི་དཔོན་རིགས་ཁཱ་ལེན་ཐུ་ཀུ་མཱ་ཁུ་ཝེ་སའེ་ཨར་གྱིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔར་སུའེ་ཏེན་དུ་པྲོག་གསར་ནད་དུག་གི་འགོས་ཚད་ཧ་ཅང་ཚབས་ཆེ་ཟེར།

དཔེ་འདེམས་བཤེར་འཇལ་གྱི་གཞི་གྲངས་ལྟར་ན། སུའེ་ཏེན་དུ་པྲོག་གསར་གློ་ཚད་རིམས་ནད་འགོས་རྗེས་འགོག་གཟུགས་བསྐྱེད་པའི་མིའི་བསྡུར་ཚད་མྱུར་མོར་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་ལ། རྒྱལ་ཁབ་ཡོངས་ཀྱི་དར་མའི་ཁྲོད་དུ་འགོག་གཟུགས་ཡོད་པའི་མིའི་བསྡུར་ཚད་བརྒྱ་ཆའི་ཉེར་གཉིས་ལ་སླེབས།

སུའེ་ཏེན་གྱི་སྤྱི་བའི་འཕྲོད་བསྟེན་ཅུའུ་ཡིས་བསྒྲགས་པའི་གཞི་གྲངས་ལྟར་ན། ཚེས་དྲུག་ཉིན་བར་སུའེ་ཏེན་གྱི་མི་ས་ཡ་གཉིས་དང་འབུམ་བདུན་ཁྲི་བདུན་ལྷག་གིས་རིམས་འགོག་སྨན་ཁབ་སྣ་གཅིག་བརྒྱབ་པ་དང་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་ཉེར་བདུན་ཟིན་ལ།  མི་འབུམ་བདུན་དང་ཁྲི་དགུ་ལྷག་གིས་རིམས་འགོག་ཁབ་སྣ་གཉིས་བརྒྱབ་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།