ཀྲུང་གོ་བོད་ཀྱི་དྲ་བ།

བལ་ཡུལ་དུ་ཉིན་གཅིག་ལ་ནད་པ7660ལ་བུད་ཅིང་བེམ་པོ་རི་ལྟར་སྤུངས་འདུག

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བལ་ཡུལ་དུ་ཉིན་གཅིག་ལ་ནད་པ7660ལ་བུད་ཅིང་། བེམ་པོ་རི་ལྟར་སྤུངས་ཤིང་ཕྱི་རོལ་ཏུ་མེར་བསྲེགས་བཞིན་ཡོད།

མིག་སྔར་བལ་ཡུལ་གྱི་སྨན་པས་འདི་ལྟ་བུའི་ཉེན་བརྡ་བཏང་བ་དང་། འཛམ་གླིང་གི་མི་རྣམས་ཀྱིས་ཧིན་རྡུའི་པྲོག་གསར་རིམས་ནད་ལ་དོ་སྣང་བྱེད་བཞིན་པའི་སྐབས་འདིར། ཧིན་རྡུའི་ཁྱིམ་མཚེས་བལ་བོའི་རིམས་ནད་ཡང་ཛ་དྲག་ཏུ་གྱུར། བལ་བོའི་འཕྲོད་བསྟེན་སྡེ་ཁག་གིས་ཟླ5པའི་ཚེས4ཉིན་གྱི་ཕྱི་དྲོར་བསྡོམས་རྩིས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། འདས་པའི་དུས་ཚོད24རིང་བལ་ཡུལ་གྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ7660ཇེ་མང་དུ་གྱུར་པ་དང་། ཤི་བའི་ནད་པ55ཇེ་མང་དུ་གྱུར། གཞི་གྲངས་དེ་གཉིས་ཀྱིས་ཡང་བསྐྱར་རྒྱལ་ཁབ་དེའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་རིང་གི་ཆེས་མཐོའི་ཟིན་ཐོ་བསྐྲུན།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།