ཧྥ་རན་སི་གཞུང་ཕྱོགས་ཀྱིས་ན་ཕོ་ལོན་འདས་ནས་ལོ་ཉིས་བརྒྱ་འཁོར་བར་དྲན་གསོའི་བྱ་འགུལ་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སི་རྒྱལ་ཁབ་ཀྱིས་ཚེས་ལྔ་ཉིན་གཞུང་ཕྱོགས་ཀྱི་མིང་ཐོག་ནས་ན་ཕོ་ལོན་འདས་ནས་ལོ་ཉིས་བརྒྱ་འཁོར་བར་དྲན་གསོའི་བྱ་འགུལ་སྤེལ། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་བཤད་དོན། ཧྥ་རན་སི་མི་དམངས་ཀྱིས་མ་ཕོ་ལོན་གྱིས་བཞག་པའི་ཤུལ་བཞག་རྒྱུ་ནོར་ལ་ལྟ་སྟངས་ཡང་དག་འཛིན་འོས་པར་གདམས།

ཧྥ་རན་སིའི་གཞུང་ཕྱོགས་ཀྱིས་ཉིན་དེའི་དགོང་མོར་པ་ལིས་གྲོང་ཁྱེར་གྱི་ཧྥ་ལན་ཞི་སློབ་གླིང་ནས་དེ་འབྲེལ་བྱ་འགུལ་སྤེལ་ཏེ། ན་ཕོ་ལོན་འདས་ནས་ལོ་ཉིས་བརྒྱ་འཁོར་བར་དྲན་གསོ་བྱས། ཙུང་ཐུང་མཱ་ཁི་ལུང་དང་ཙུང་ལི་ཁི་ཟི་ཐན་སོགས་སྲིད་ཕྱོགས་ཀྱི་མི་སྣ་རྣམས་བྱ་འགུལ་སྟེང་ཞུགས།

མཱ་ཁི་ལུང་གིས་དྲན་གསོའི་བྱ་འགུལ་སྟེང་ནས་གཏམ་བཤད་སྤེལ་ནས་བཤད་རྒྱུར། ན་ཕོ་ལོན་ནི་ཧྥ་ལན་ཞིའི་ལོ་རྒྱུས་སྟེང་གི་མི་སྣ་གལ་ཆེན་ཞིག་ཡིན་ལ། ཁོང་ནི་ཇུས་འགོད་པ་དང་ཇུས་འདོན་པ། ཁྲིམས་འཛུགས་པ་བཅས་ཡིན་ནའང་། བྲན་གཡོག་ལམ་ལུགས་སླར་གསོ་དང་སྒེར་གཅོད་སོགས་ཀྱི་ཐད་སྐྱོན་ཆ་མི་ཉུང་བ་བཟོས་ཡོད་ཟེར།

མཱ་ཁི་ལུང་གིས་བཤད་དོན། ཧྥ་རན་སི་ལ་ལོ་རྒྱུས་རྒྱུན་རིང་ལྡན་པས། རྒྱལ་ཁབ་མདུན་ནས་མདུན་དུ་སྐྱོད་པའི་གོ་རིམ་ཁྲོད་དུ་ལོ་རྒྱུས་ལ་དགག་གཞག་བྱེད་མི་རུང་། ན་ཕོ་ལོན་གྱིས་ཧྥ་རན་སི་རྒྱལ་ཁབ་ལ་བཞག་པའི་ཤུལ་དངོས་ནི་དུས་གཏན་ཉམས་མེད་ཡིན་པས། ཧྥ་རན་སི་མི་དམངས་ཀྱིས་ན་ཕོ་ལོན་གྱིས་བཞག་པའི་ཤུལ་བཞག་རྒྱུ་ནོར་ལ་ལྟ་སྟངས་ཡང་དག་བཟུང་ནས་རྒྱུན་འཛིན་བྱེད་འོས་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།