ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡའི་ནུབ་བྱང་ཕྱོགས་ཀྱི་ཁ་ཏུའུ་ན་མངའ་སྡེ་རུ་དྲག་ཆས་ཉེས་ཅན་གྱིས་བཙན་ཁྲིད་བྱས་པའི་སློབ་ཆེན་སློབ་མ་ཉི་ཤུ་ལྷག་གློད་བཀྲོལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ལྔ་ཉིན་བདེན་དཔང་བྱས་དོན།    ད་ལོའི་ཟླ་གསུམ་པར་ནེ་ཀྲི་རི་ཡའི་ནུབ་བྱང་ཕྱོགས་ཀྱི་ཁ་ཏུའུ་ན་མངའ་སྡེ་རུ་དྲག་ཆས་ཉེས་ཅན་གྱིས་བཙན་ཁྲིད་བྱས་པའི་སློབ་ཆེན་སློབ་མ་ཉི་ཤུ་ལྷག་གློད་བཀྲོལ་བཏང་ཟེར།

ཁ་ཏུའུ་ན་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་མུའུ་ཧན་མོ་ཏི་ཅཱ་ལི་ཀེ་ཡིས་ཉིན་དེར་གསལ་བསྒྲགས་ཤིག་གི་ནང་བཤད་རྒྱུར།  ཁ་ཏུའུ་ན་མངའ་སྡེའི་རྒྱལ་ཕྲན་མཉམ་འབྲེལ་ནགས་ལས་འཕྲུལ་ཆས་ཅན་སློབ་གླིང་གི་སློབ་མ་ཉི་ཤུ་ལྷག་དྲག་ཆས་ཉེས་ཅན་གྱིས་ཉིན་ལྔ་བཅུ་ལྷག་ཙམ་ལ་བཀག་ཉར་བྱས་རྗེས་གཞི་ནས་གློད་བཀྲོལ་ཐོབ་པ་དང་།  མིག་སྔར་ས་གནས་སྨན་ཁང་དུ་བདེ་ཐང་ཞིབ་བཤེར་དང་ལེན་བྱེད་བཞིན་ཡོད་ཟེར།

ཁ་ཏུའུ་ན་མངའ་སྡེའི་ནང་སྲིད་སྡེ་ཁག་གི་འགན་ཁུར་མི་སྣ་སའེ་མེར་ཨ་ལུའུ་ཝན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར།  ཟླ་བཞི་བའི་ཟླ་འགོར་ཕྱོགས་མང་པོའི་འབད་བརྩོན་འོག་ཏུ་སློབ་ཆེན་སློབ་མ་བཅུ་སྐྱོབ་ཐུབ་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།