སོ་མཱ་ལིའི་དབུས་ཕྱོགས་ཀྱི་ཚོ་ཁག་བར་འཁྲུག་རྩོད་བྱུང་ནས་མ་མཐའ་ཡང་མི་གཉིས་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་མཱ་ལིའི་སྲིད་གཞུང་དམག་གིས་ཚེས་ལྔ་ཉིན་གསལ་བསྒྲགས་སྤེལ་བ་ལྟར་ན། ཉིན་དེར་སོ་མཱ་ལིའི་དབུས་ཕྱོགས་ཀྱི་ཞི་ལན་མངའ་སྡེ་རུ་ཚོ་ཁག་བར་འཁྲུག་རྩོད་བྱུང་ནས་མ་མཐའ་ཡང་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་བདུན་ལ་རྨས་ཕོག་ཟེར།

སོ་མཱ་ལིའི་སྲིད་གཞུང་དམག་གི་བཀོད་འདོམས་དམག་དཔོན་མོ་ཧན་མོ་ཏི་དབྱི་པུའུ་ལ་ཞིན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་པ་ལྟར་ན། ཉིན་དེའི་སྔ་དྲོར་ཞི་ལན་མངའ་སྡེའི་པའེ་ལེ་ཏིག་ཝུན་གྲོང་རྡལ་གྱི་ཉེ་འཁོར་དུ་ཚོ་ཁག་གཉིས་ཀྱི་བར་ས་རྩོད་ཀྱི་གནས་ཚུལ་བྱུང་ནས་འཐབ་རྩོད་ཛ་དྲག་ཏུ་ཕྱིན་པ་དང་། འཐབ་རྩོད་ཁྲོད་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་བདུན་ལ་རྨས་ཕོག་ཟེར།

གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། ཚེས་ལྔ་ཉིན་གྱི་སྔ་དྲོར་སོ་མཱ་ལིའི་རྒྱལ་ས་མོ་ཅཱ་ཏི་ཧྲ་རུ་འགས་གཏོར་གྱི་དོན་རྐྱེན་ཞིག་བྱུང་བ་དང་། དོན་རྐྱེན་ཁྲོད་དུ་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་གཅིག་ལ་རྨས་ཕོག

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།