ཀྲུང་གོ་ཕྱོགས་ཀྱི་འཐུས་མི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱོགས་མང་རིང་ལུགས་དང་ཞི་བདེའི་ཕྱི་འབྲེལ་གྱི་རྒྱལ་སྤྱིའི་ཉིན་མོར་རྗེས་དྲན་བྱེད་པའི་གྲོས་མོལ་ཚོགས་འདུར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཚེས་ལྔ་ཉིན་ཕྱོགས་མང་རིང་ལུགས་དང་ཞི་བདེའི་ཕྱི་འབྲེལ་གྱི་རྒྱལ་སྤྱིའི་ཉིན་མོར་རྗེས་དྲན་བྱེད་པའི་གྲོས་མོལ་ཚོགས་འདུ་བསྡུས་པ་དང་།   མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་ལྔ་པའི་རེས་སྐོར་ཀྲུའུ་ཞི་འགན་ཁུར་བའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཀྲང་ཅུན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་པའོ་ཚི་ཁི་ཨར།   མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨ་ཁེ་ན་མུའུ།   རྒྱལ་སྤྱིའི་ཁྲིམས་ཁང་གི་ཡོན་ཀྲང་ཁྱུང་ཏུའོ་ནུའོ་ཧོ་བཅས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡེ་ཁག་ཆེན་པོ་ལྔའི་འཐུས་མིའི་ངོས་ནས་གྲོས་ཚོགས་ལ་ཞུགས་པ་དང་།   ཕྱོགས་མང་རིང་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱེད་ནུས་ཇེ་དྲག་ཏུ་གཏོང་བ་སོགས་གནད་དོན་ཐད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་དང་བརྗེ་རེས་བྱས།

ཀྲང་ཅུན་གྱིས་བསྟན་དོན།   བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གཙོ་བོ་ཁུར་ཡོད།   བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་དག་གིས་རང་སྟེང་གི་འགན་འཁྲི་ཆེན་པོར་ངོས་འཛིན་གཏིང་ཟབ་བྱས་ཡོད་པ་དང་།   མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དབང་ཆ་ཧུར་ཐག་གིས་ལག་བསྟར་བྱེད་ངེས་ཡིན།   རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་འབྱུང་བཞིན་ཡོད།    མིག་སྔར།   འཛམ་གླིང་པྲོག་གསར་རིམས་ནད་དང་ནམ་ཟླའི་འགྱུར་ལྡོག     མི་ཆོས་རིང་ལུགས་ཀྱི་དགོས་མཁོ་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་དང་འཕྲད་ཡོད་པ་དང་།    འགྲན་རྩོད་དེ་དག་ཕན་ཚུན་བར་འབྲེལ་བ་ཡོད་པས།  ཕྱོགས་མང་རིང་ལུགས་ལ་ཤུགས་བསྣན་ན་ད་གཟོད་འགྲན་རྩོད་དེ་དག་ཐག་གཅོད་ཐུབ་པ་ཡིན་ཟེར།

ཀྲང་ཅུན་གྱིས་བསྟན་དོན།   མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ནི་ཕྱོགས་མང་རིང་ལུགས་ཀྱི་རྨང་རྡོ་ལྟ་བུ་ཡིན།   བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་རྩ་འཛིན་ནི་མཉམ་འབྲེལ་རྒྱལ་ཚོགས་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་སྲུང་སྐྱོབ་བྱེད་པ་དང་།  རྒྱལ་སྤྱིའི་རྩ་ཁྲིམས་ཀྱི་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན།   བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་དང་།   བྱ་བའི་བྱེད་ཐབས་ལེགས་བཅོས་བྱས་ནས་བདེ་འཇགས་ཉེན་ཁར་ཁ་གཏད་འཇལ་ཐུབ་པར་འགན་སྲུང་བྱེད་དགོས།    ཞི་བདེའི་སྲུང་སྐྱོབ་འགུལ་སྐྱོད་དང་ཆབ་སྲིད་ཆེད་མངགས་ཚོགས་པ་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཡིན་པས།   ཞི་བདེ་སྲུང་སྐྱོབ་མི་སྣའི་བདེ་འཇགས་འགན་སྲུང་ལ་སྔར་ལས་ཤུགས་སྣོན་དགོས་པ་དང་ །    ཞི་བདེའི་སྲུང་སྐྱོབ་འགུལ་སྐྱོད་ཀྱི་ཕན་འབྲས་མཐོར་འདེགས་མཐོར་དགོས།   བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཞི་བདེའི་ངང་འགལ་བ་ཐག་གཅོད་པར་སྐུལ་འདེད་གཏོང་བ་དང་།   འགན་བ་སྔོན་འགོག་ལ་ཤུགས་སྣོན་དགོས།   བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས།    རྒྱལ་སྤྱིའི་ཁྲིམས་ཁང་སོགས་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་ས་ཁོངས་རྩ་འཛུགས་བར་གྱི་མཐུན་སྦྱོར་རོགས་རེས་ཆེ་རུ་གཏོང་བ་མ་ཟད།    དམངས་ཁྲོད་སྤྱི་ཚོགས་ཀྱི་འཛུགས་སྐྲུན་རང་བཞིན་ལྡན་པའི་བསམ་འཆར་ལ་ཉན་པ་དང་བསྡུ་ལེན་བྱེད་ངེས་ཡིན་ཟེར།

ཀྲང་ཅུན་གྱིས་ཚོགས་ཞུགས་རྒྱལ་ཁབ་བར་དུ་ཡུལ་དངོས་བརྗེ་རེས་བྱས་པར་མ་ཟད།  བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ས་ཁོངས་རྩ་འཛུགས་བར་གྱི་མཉམ་ལས་དང་མཉམ་འབྲེལ་རྒྱལ་ཚོགས་བར་གྱི་མཉམ་ལས་ལ་ཇི་ལྟར་ཤུགས་སྣོན་པ་དང་།   སྤྱི་ཚོགས་ལས་རིགས་སོ་སོས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་ཚད་ཇི་ལྟར་ཆེ་རུ་གཏོང་བ་སོགས་གནད་དོན་ཐད་ནས་དྲི་བར་ལན་བཏབ།

ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པར།  མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་དང་ཞི་བདེའི་ཕྱི་འབྲེལ་གྱི་རྒྱལ་སྤྱིའི་ཉིན་མོ་གཏན་འབེབས་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པར་མ་ཟད།   ཉིས་སྟོང་བཅུ་དགུ་ལོའི་ཟླ་བཞི་བའི་ཚེས་ཉེར་བཞི་ཉིན་ཉིག་ཡེའོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་རྟེན་འབྲེལ་ཞུ་བའི་བྱ་འགུལ་ཐོག་མ་སྤེལ་བ་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།