ཀྲུང་གོ་སྲིད་གཞུང་གི་རིམས་འགོག་སྨན་བཅོས་ཆེད་མཁས་ཚན་ཆུང་ལའོ་ཝུའོ་ལ་འབྱོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་སྲིད་གཞུང་གི་ལའོ་ཝུའོ་རོགས་སྐྱོར་རིམས་འགོག་ཆེད་མཁས་ཚན་ཆུང་གི་མི25ཚེས4ཉིན་ལའོ་ཝུའོ་ཡི་རྒྱལ་ས་ཝན་ཞང་དུ་འབྱོར། ཀྲུང་གོའི་ལའོ་ཝུའོ་རུ་སྡོད་པའི་གཞུབ་ཚབ་ཆེན་མོ་ཅང་ཙེ་ཏུང་དང་ལའོ་ཝུའོ་སྲིད་གཞུང་གི་ཙུང་ལི་གཞོན་པ་ཅི་ཆའོ་གཉིས་བསུ་མར་ཕེབས། 

ཉེ་ཆར། ལའོ་ཝུའོ་ཡི་རིམས་ནད་གནས་ཚུལ་ཛ་དྲག་ཏུ་གྱུར་བས། ལོ་ཡའོ་སྲིད་གཞུང་གིས་རིམས་འགོག་ལས་དོན་དེ“འཐབ་ཇུས་ཀྱི་ལས་འགན་འཕྲལ་མྱུར་ཅན་འགངས་ཆེན”ལ་རིམ་སྤོར་བྱས་ནས་“རིམས་འགོག་དམག་དུས་ཀྱི་གནས་ཚལ་དུ་སྐྱོད”པའི་བླང་བྱ་བཏོན། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར18ཡོངས་སུ་བཀག་སྡོམ་དོ་དམ་བྱས། 

ཅི་ཆའོ་ཡིས་བསྟན་དོན། ལའོ་ཝུའོ་ཡིས་སྙིང་ཐག་པའི་སྒོ་ནས་ཀྲུང་གོ་སྲིད་གཞུང་གིས་འཕྲལ་མྱུར་ངང་སྨན་བཅོས་ཆེད་ལས་ཚན་ཆུང་མངགས་པར་བཀའ་དྲིན་ཞུ་བ་དང་། ཀྲུང་གོས་བྱ་སྤྱོད་དངོས་ཀྱིས་ཀྲུང་གོས་ལའོ་ཝུའོ་ལ་བཅང་བའི་མཛའ་བརྩེ་མངོན། “ངས་ཀྲུང་གོའི་སྨན་བཅོས་ཀྱི་རོགས་སྐྱོར་འོག་ལའོ་ཝུའོ་ཡིས་དུས་ཡུན་ཐུང་ངུའི་ནང་རིམས་ནད་ལས་རྣམ་པར་རྒྱལ་བར་ཡིད་ཆེས་བྱེད་ཀྱིན་ཡོད། ”

ཅང་ཙེ་ཏུང་གིས་གནམ་གྲུ་འབབ་ཐང་ནས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཀྲུང་ལོ་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པས། དཀའ་སྡུག་མཉམ་མྱོང་དང་དཀའ་ངལ་མཉམ་སེལ་བྱེད་དགོས། ལའོ་ཝུའོ་ལ་རིམས་ནད་བྱུང་བ་ནས་བཟུང་། ཀྲུང་གོས་ལའོ་ཝུའོ་ལ་ཆེད་མཁས་ཚན་ཆུང་གཉིས་མངགས་ཤིང་འགོག་སྨན་ཀྱི་རོགས་སྐྱོར་ཐེངས་གསུམ་བྱས་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།