ཀྲུང་གོ་བོད་ཀྱི་དྲ་བ།

པུ་ཁི་ནཱ་ཧྥ་སོའི་ཤར་ཕྱོགས་ཀྱི་སྡེ་བ་ཞིག་ཏུ་འཇབ་རྒོལ་ཐེབས་ཏེ་མི་བཅུ་ལྷག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། པུ་ཁི་ནཱ་ཧྥ་སོའི་དཔོན་རིགས་ཀྱིས་ཚེས་གསུམ་ཉིན་བཤད་རྒྱུར། པུ་ཁི་ནཱ་ཧྥ་སོའི་ཤར་ཕྱོགས་ཀྱི་ཁི་མིན་ཅཱ་ལི་ཞིང་ཆེན་གྱི་སྡེ་བ་ཞིག་ལ་ཉིན་དེར་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ། མི་བཅུ་ཕྲག་ལྷག་རྐྱེན་ལམ་དུ་ཤོར་ཟེར། 

པུ་ཁི་ནཱ་ཧྥ་སོའི་ཤར་ཕྱོགས་ས་ཁོངས་ཆེན་མོའི་མགོ་བ་སཱ་ནོའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། འདས་པོའི་གྲས་སུ་དམག་མི་གཉིས་དང་མི་སེར་དཀྱུས་མ་བཅུ་ལྷག་འདུས་པ་དང་། གཞན་ཡང་ཁང་བ་མང་བོ་མེར་བསྲེག་ཡོད་ཟེར། མིག་སྔར་བདེ་འཇགས་དམག་དཔང་གིས་ས་ཁུལ་དེར་སྔོག་བཤེར་འགུལ་སྐྱོད་སྤེལ་བཞིན་ཡོད་ཟེར། སཱ་ནོའུ་ཡིས་ད་རུང་མང་ཚོགས་དག་གིས་དོགས་ཟོན་མཐོར་འདེགས་བྱེད་དགོས་པར་མ་ཟད། རྒྱལ་སྲུང་དང་བདེ་འཇགས་དམག་དཔུང་བར་མཉམ་ལས་ཟབ་མོ་བྱེད་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།