ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་དང་ཧྥ་རན་སི་ཡིས་རླུང་ཤ་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སུམ་ཅུ་ཉོ་བསྡུ་བྱེད་པའི་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཨེ་ཅིབ་དམག་ཕྱོགས་ཀྱིས་ཚེས་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་དམག་ཕྱོགས་ཀྱིས་ཉེ་སྔོན་ཧྥ་རན་སིའི་གནམ་གྲུ་བཟོ་སྐྲུན་བྱེད་པའི་ཏཱ་སུའུ་ཀུང་ཟིའི་བར་གྲོས་མཐུན་བཀོད་པ་དང་། ཨེ་ཅིབ་ཀྱིས་ཀུང་ཟི་དེ་ནས་རླུང་ཤ་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སུམ་ཅུ་ཉོ་བསྡུ་བྱེད་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་ཉོ་བསྡུའི་མ་དངུལ་ནི་ཧྥ་རན་སིའི་དངུལ་བུན་བྱིན་པ་ཡིན་ལ། ཡུན་ཚད་ནི་ལོ་བཅུ་རེད། གསལ་སྒྲོག་ལས་མ་དངུལ་གྱི་འབོར་གྲངས་དང་བྱེ་བྲག་གི་ནང་དོན་གཞན་པ་གསལ་བོར་གླེང་མེད། 

ཧྥ་རན་སི་ནི་ཨེ་ཅིབ་ཀྱི་དམག་ཆས་ཉོ་བསྡུ་བྱེད་ས་གཙོ་བོ་ཞིག་ཡིན་པ་དང་། ཉིས་སྟོང་བཅོ་ལྔ་ལོའི་ཟླ་གཉིས་པར། ཨེ་ཅིབ་ཀྱིས་ཧྥ་རན་སིའི་བར་གྲོས་མཐུན་བཀོད་དེ། ཧྥ་རན་སི་ནས་རླུང་ཤ་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཉེར་བཞི་དང་སྤྱོད་སྒོ་མང་བའི་འགེབས་སྲུང་གྲུ་གཟིངས་ཤིག་ཉོ་བསྡུ་བྱས་པ་རེད། 

ཉིས་སྟོང་བཅུ་བཞི་ལོར་སེ་ཞི་ཡིས་ཨེ་ཅིབ་ཀྱི་ཙུང་ཐུང་གི་འགན་ཁུར་བའི་ཚུན་ལ། ཨེ་ཅིབ་སྲིད་གཞུང་གིས་སྣ་མང་ཅན་གྱི་ཕྱི་འབྲེལ་འཐབ་ཇུས་ལག་བསྟར་བྱས་ཏེ། ཧྥ་རན་སི་དང་ཨུ་རུ་སི་སོགས་རྒྱལ་ཁབ་བར་དམག་དོན་མཉམ་ལས་མང་དུ་སྤེལ་བ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།