ཨིག་ལི་ཐི་ལི་ཡཱའི་ཙུང་ཐུང་གིས་སུའུ་ཏན་དུ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་རྒྱུའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ཨར་ཧན་དང་འཚམས་འདྲིར་ཡོང་བའི་ཨིག་ལི་ཐི་ལི་ཡཱའི་ཙུང་ཐུང་དབྱེ་སཱ་ཡཱ་སི་ཡིས་ཚེས་བཞི་ཉིན་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན་པར་མ་ཟད། གྲོས་མོལ་ལ་བརྟེན་ནས་ས་ཁུལ་གྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། པུའུ་ཨར་ཧན་དང་དབྱེ་སཱ་ཡཱ་སི་ཡིས་ཉིན་དེར་སུའུ་ཏན་གྱི་ཙུང་ཐུང་བཞུགས་ཤག་ནས་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དང་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་གནད་དོན་དང་། དེ་མིན་ས་ཁུལ་གྱི་གནད་དོན་ལ་གྲོས་བསྡུར་བྱས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ཁེ་ཕན་དང་འཚམ་པའི་བྱེད་ཐབས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་བྱེད་དགོས་པ་དང་། གྲོས་མོལ་ལ་བརྟེན་ནས་ས་ཁུལ་གྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

དབྱེ་སཱ་ཡཱ་སི་ཚེས་བཞི་ཉིན་ཁཱ་ཐུའུ་མུའུ་རུ་འབྱོར་ནས། སུའུ་ཏན་དུ་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།