ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་བརྒྱ་དང་གྱ་གཅིག་བསད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡིས་ཚེས་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། འདས་པའི་དུས་ཚོད་ཉེར་བཞིའི་ནང་། སྲིད་གཞུང་དམག་དཔུང་གིས་ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་བརྒྱ་དང་གྱ་གཅིག་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ལཱ་ཀི་མན་ཞིང་ཆེན་དང་ཅཱ་ཙི་ནེ་ཞིང་ཆེན། ཁན་ཏཱ་ཧཱ་ཞིང་ཆེན། ཁྲ་པུའུ་ཨར་ཞིང་ཆེན། ཧི་ལཱ་ཐི་ཞིང་ཆེན། ཧི་ཨར་མན་ཏི་ཞིང་ཆེན། པཱ་ཀི་ལན་ཞིང་ཆེན་སོགས་ས་ཁུལ་དུ་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བརྒྱ་དང་གྱ་གཅིག་བསད་པ་ལས་གཞན། སྲིད་གཞུང་དམག་དཔུང་གིས་ད་རུང་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་གྱ་བདུན་རྨས་ཡོད་ལ། སྲིད་གཞུང་དམག་དཔུང་གིས་ད་རུང་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་གྱིས་ལམ་འགྲམ་དུ་སྦས་པའི་སྟབས་བདེའི་འགད་རྫས་སྒྲིག་ཆས་གོ་བཞི་རྙེད་ནས་གཏོར་ལེན་བྱས་ཡོད། 

མིག་སྔར། ཐཱ་ལེ་པན་གྱིས་རྒྱལ་སྲུང་པུའུ་ཡི་གསལ་སྒྲོག་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།