ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་རྒྱ་གར་ལ་གནས་སྐོར་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་གྱི་པྲོག་གསར་གློ་ཚད་རིམས་ནད་ཇེ་སྡུག་ཏུ་སོང་བའི་དབང་གིས། ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་སུམ་ཅུའི་ཉིན་རྒྱ་གར་ལ་གནས་སྐོར་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ཕུའུ་སཱ་ཅི་ཡིས་ཉིན་དེར་གསལ་སྒྲོག་ཐུང་ངུ་ཞིག་ལས་བཤད་རྒྱུར། རྒྱ་གར་གྱི་པྲོག་གསར་གློ་ཚད་རིམས་ནད་འགོ་ཚད་ཧ་ཅང་མཐོ་བ་དང་གཤིས་འགྱུར་གྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་སྣ་མང་ཡོད་པས། ཨ་མེ་རི་ཁའི་རིམས་ནད་ཚོད་འཛིན་དང་སྔོན་འགོག་ལྟེ་གནས་ཀྱིས་ཨ་མེ་རི་ཁའི་སྲིད་གཞུང་གིས་རྒྱ་གར་ལ་གནས་སྐོར་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱེད་དགོས་པའི་གྲོས་གཞི་བཏོན་པ་ཡིན། འབྲེལ་ཡོད་བྱེད་ཐབས་དེ་ཟླ་ལྔ་བའི་ཚེས་བཞི་ཉིན་ནུས་ལྡན་དུ་འགྱུར་སྲིད་ཟེར། 

གསལ་སྒྲོག་ལས་བྱེད་ཐབས་དེ་བྱེ་བྲག་ཏུ་མཚམས་སྦྱོར་བྱས་མེད། ཨ་མེ་རི་ཁའི་དཔོན་རིགས་ཀྱིས་བསྒྲགས་པ་ལྟར་ན། རྒྱ་གར་ལ་དམིགས་པའི་ཚོད་འཛིན་བྱེད་ཐབས་དེ་ཨ་མེ་རི་ཁའི་སྤྱི་དམངས་དང་དུས་གཏན་གྱི་སྡོད་དམངས་ལ་འོས་འཚམ་མིན་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་སྔོན་ཨ་མེ་རི་ཁའི་སྤྱི་དམངས་དག་རྒྱ་གར་དུ་འགྲོ་མི་རུང་བ་དང་། རྒྱ་གར་དུ་ཡོད་པའི་ཨ་མེ་རི་ཁའི་སྤྱི་དམངས་བདེ་འཇགས་ཀྱི་གནས་ཚུལ་འོག་མྱུར་མོར་རྒྱ་གར་དང་འབྲལ་དགོས་པའི་གྲོས་གཞི་བཏོན་པར་མ་ཟད། ཨ་མེ་རི་ཁའི་སྲིད་གཞུང་གི་གླ་མིའི་ཁྱིམ་མི་དག་རང་འདོད་ལྟར་རྒྱ་གར་དང་འབྲལ་བར་ཆོག་མཆན་བཀོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།