ཕཱ་ལེ་སི་ཐན་གྱི་ཙུང་ཐུང་གིས་འདེམ་བསྐོའི་བྱ་འགུལ་རྗེས་སུ་སྣུར་རྒྱུ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་གྱི་ཞོགས་པར་རྒྱལ་ཡོངས་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ད་ལོའི་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་ནས་བཟུང་མགོ་རྩོམ་པར་གཏན་འཁེལ་བྱས་ཡོད་པའི་འདེམ་བསྐོའི་བྱ་འགུལ་ཆེན་མོ་དེ་རྗེས་སུ་སྣུར་རྒྱུ་ཡིན་ཟེར། 

ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྱིས་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ནས་ཕྱོགས་ཁག་སོ་སོའི་མགོ་ཁྲིད་པའི་གྲོས་ཚོགས་བསྡུས་ཏེ། འདེམ་བསྐོའི་བྱ་འགུལ་རྗེས་སུ་སྣུར་བར་གྲོས་བསྡུར་བྱས། གྲོས་ཚོགས་དེ་ཚེས་སུམ་ཅུ་ཉིན་གྱི་ཞོགས་པར་མཇུག་སྒྲིལ་བ་ཡིན་ལ། ཕྱོགས་ཁག་སོ་སོས་མཇུག་མཐར་འདེམ་བསྐོའི་བྱ་འགུལ་ཆེན་མོ་དེ་རྗེས་སུ་སྣུར་བར་ཡིད་འཐད་བྱུང་། 

ཨ་པཱ་སི་ཡིས་དེའི་རྗེས་ཀྱི་བརྙན་འཕྲིན་གཏམ་བཤད་ཁྲོད་བསྟན་དོན། དཀའ་ཁག་གི་གནས་བབ་མདུན་ནས། ང་ཚོས་ཕཱ་ལེ་སི་ཐན་གྱི་མིའི་ཡེ་ལུའུ་སཱ་ལེམ་ཤར་མའི་འདེམ་ཤོག་འཕེན་པའི་དབང་ཆར་འགན་སྲུང་ཐོབ་རག་བར་དུ་འདེམ་བསྐོའི་བྱ་འགུལ་རྗེས་སུ་སྣུར་རྒྱུ་ཐག་བཅད་པ་ཡིན་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།