ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་འབྲེལ་ཡོད་ཕྱོགས་ཀྱིས་སེ་ཕུའུ་ལུའུ་སིའི་ཞི་བའི་གྲོས་མོལ་སླར་གསོ་བྱེད་པར་ཡིད་འཐད་བྱུང་མེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚོགས་ཡུན་ཉིན་གསུམ་ཡིན་པའི་སེ་ཕུའུ་ལུའུ་སིའི་གནད་དོན་གྱི་དངོས་གཞི་མིན་པའི་གྲོས་མོལ་ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་རི་ནེ་ཝ་ནས་མཇུག་སྒྲིལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། འབད་བརྩོན་བྱས་པ་བརྒྱུད་སེ་ཕུའུ་ལུའུ་སིའི་གནད་དོན་གྱི་དངོས་གཞིའི་གྲོས་མོལ་སླར་གསོ་བྱེད་པའི་ཐད་ཆ་རྐྱེན་འཐུས་ཚང་མིན་པས་ཕྱོགས་སོ་སོས་སྔར་བཞིན་ཐུན་མོང་གི་ལྟ་ཚུལ་འགོད་ཐུབ་མེད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། སེ་ཕུའུ་ལུའུ་སིའི་མི་དམངས་ཀྱི་བདེ་འཇགས་དང་འཚོ་སྡོད་ཀྱི་ཆེད་དུ་མུ་མཐུད་དུ་འབད་བརྩོན་བྱེད་རྒྱུ་ཡིན་ཟེར། ཁོས་བསྟན་དོན། མི་འགྱངས་པར་སྐོར་ཐེངས་གསར་བའི་སེ་ཕུའུ་ལུའུ་སིའི་གནད་དོན་གྱི་དངོས་གཞིའི་གྲོས་མོལ་སྤེལ་རྒྱུ་ཡིན་པ་དང་། གྲོས་མོལ་དེ་ཐུན་མོང་གི་གྲོས་མཐུན་འགོད་པ་དང་ཞི་བའི་གྲོས་མོལ་སླར་གསོ་བྱེད་པའི་ཕྱོགས་སུ་འཕེལ་རྒྱས་ལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། འདས་པའི་ཉིན་གསུམ་གྱི་དངོས་གཞི་མིན་པའི་གྲོས་མོལ་ཁྲོད། ཕྱོགས་སོ་སོས་ཕྱོགས་གཉིས་ཀྱི་གྲོས་ཚོགས་དང་ཚང་འཛོམས་གྲོས་ཚོགས་སོགས་འདུས་པའི་གྲོས་མོལ་རབ་དང་རིམ་པ་སྤེལ་ཡོད་ཟེར། 

ཀུའུ་ཐི་ལོས་སི་ལས་གཞན། ཐེངས་འདིའི་དངོས་གཞིའི་གྲོས་མོལ་ལ་ཞུགས་མཁན་ལ་ད་རུང་སེ་ཕུའུ་ལུའུ་སིའི་ཞི་ལཱ་རིགས་ཀྱི་མགོ་ཁྲིད་པ་ཨ་ནཱ་སི་ཐཱ་ཞཱ་ཅི་སི་དང་། སེ་ཕུའུ་ལུའུ་སིའི་ཐུར་ཁེ་རིགས་ཀྱི་མགོ་ཁྲིད་པ་ཐཱ་ཐཱ་ཨར། ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ། ཞི་ལཱའི་ཕྱི་འབྲེལ་བློན་ཆེན་ཏིན་ཏིས་ཡཱ་སི། དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ལཱ་པུའུ་བཅས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།