དབྱི་སི་རལ་དམག་ཕྱོགས་ཀྱིས་ལིས་པ་ནན་ཀྲིན་ཀྲུའུ་ཏང་གི་ཁ་ལོ་བ་མེད་པའི་གནམ་གྲུ་ཞིག་གཏོར་ནས་སར་འཕངས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་རྒྱལ་སྲུང་དམག་གིས་ཚེས་ཉེར་བདུན་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་དམག་ཕྱོགས་ཀྱིས་ཉིན་དེར་ལིས་པ་ནན་ཀྲིན་པུའུ་ཏང་གི་ཁ་ལོ་བ་མེད་པའི་གནམ་གྲུ་ཞིག་གཏོར་ནས་སར་འཕངས་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར། ལིས་པ་ནན་ཀྲིན་ཀྲུའུ་ཏང་ལ་གཏོགས་པའི་ཁ་ལོ་བ་མེད་པའི་གནམ་གྲུ་ཞིག་ཉིན་དེར་ལིས་པ་ནན་ལྷོ་ཕྱོགས་ནས་དབྱི་སི་རལ་གྱི་རྒྱལ་ཁོངས་སུ་འཛུལ་སྐབས་དབྱི་སི་རལ་གྱི་དམག་ཕྱོགས་ཀྱིས་གནམ་གྲུ་དེའི་འཕུར་ལམ་ཧྲིལ་བོར་ལྟ་ཞིབ་བྱས་ཏེ་སྦྱོར་བ་བརྩམས་ནས་སར་འཕངས།

དབྱི་སི་རལ་སྨྱན་བྱེད་ཀྱིས་བསྒྲགས་པ་ལྟར་ན། ཁ་ལོ་བ་མེད་པའི་གནམ་གྲུ་དེས་ཉེ་འཁོར་གྱི་གཞིས་ཁུལ་དང་དབྱི་སི་རལ་དམག་ཕྱོགས་ལ་ཉེན་ཁ་མ་བྱིན་ཟེར། མིག་སྔར། ལིས་པ་ནན་ཀྲིན་ཀྲུའུ་ཏང་ཕྱོགས་ཀྱིས་གནས་ཚུལ་དེར་ཨ་ལན་ཅི་ཡང་བྱིན་མེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།