ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་རྒྱ་གར་གཉིས་ཀྱིས་པྲོག་གསར་རིམས་འགོག་གི་ཐད་ནས་མཉམ་འབྲེལ་བྱ་རྒྱུ་ཡིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མི་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་ཉེར་དྲུག་ཉིན་རྒྱ་གར་གྱི་ཙུང་ལིས་མོ་ཏིས་ལ་ཁ་པར་བཏང་བ་དང་། མ་འོངས་པར་རྒྱལ་ཁབ་གཉིས་ཀྱིས་རིམས་འགོག་གི་བྱ་བའི་ཐད་ནས་ཕན་ཚུན་མཉམ་འབྲེལ་དམ་པོ་བྱ་རྒྱུ་ཡིན་པའི་ཚུལ་བསྟན།

ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཉིན་དེར་གསལ་བསྒྲགས་ཅིག་ལས་བཤད་རྒྱུར། པེད་ཏིན་གྱིས་མོ་ཏིས་ལ་ཁ་པར་གཏོང་སྐབས་ཨ་མེ་རི་ཁས་ཉེ་ལམ་རིམས་ནད་ཀྱིས་གནོད་པ་ཐེབས་ཀྱིན་པའི་རྒྱ་གར་གྱི་མི་དམངས་ལ་རོགས་རམ་བྱ་རྒྱུ་ཡིན་པ་ཁས་ལེན་བྱས་པ་དང་། མིག་སྔར་ཨ་མེ་རི་ཁས་རྒྱ་གར་ལ་དབྱངས་དབུགས་དང་འགོག་སྨན་རྒྱུ་ཆ། གསོ་བཅོས་བྱེད་ཐབས་སོགས་ཀྱི་འབྲེལ་ཡོད་རོགས་སྐྱོར་གྱི་བྱ་བ་སྒྲུབ་བཞིན་ཡོད།

རྒྱ་གར་ལ་ཉེ་ཆར་རིམས་ནད་བསྐྱར་འཕར་ཚབས་ཆེན་བྱུང་བཞིན་ཡོད་ལ། རྒྱ་གར་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། ཉིན་སྔོན་མ་དང་བསྡུར་ན་ནད་པ་འབུམ་གསུམ་དང་ཁྲི་ལྔ་སྟོང་གཉིས་དགུ་བརྒྱ་གོ་གཅིག་འཕར་སྣོན་བྱུང་བ་དང་། འཕྲོ་རིམ་འཕྲོར་ཉིན་ལྔ་ལ་གསར་དུ་འཕར་སྣོན་བྱུང་བའི་ནད་པ་ཁྲི་སུམ་ཅུ་ལྷག་ལ་སླེབས་པ་དང་ཁྱོན་བསྡོམས་ནད་པ་བྱེ་བ་གཅིག་དང་ས་ཡ་བདུན་འབུམ་གསུམ་ཁྲི་གཅིག་སྟོང་གསུམ་བརྒྱ་དང་རེ་གཅིག་ལ་སླེབས། ནད་པ་སྟོང་གཉིས་དང་བརྒྱད་བརྒྱ་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་བསྡོམས་པས་ནད་པ་འབུམ་གཅིག་དང་ཁྲི་གཅིག་སྟོང་ལྔ་བརྒྱ་དང་ཉེར་གསུམ་ལ་སླེབས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།