ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུས་དབྱི་ཐ་ལིའི་ཕྱི་འབྲེལ་དཔོན་ཞིག་མཐར་སྤྲོད་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་ཚེས26ཉིན་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། ཨུ་རུ་སུ་ཡིས་ཨུ་རུ་སུ་རུ་སྡོད་པའི་དབྱི་ཐ་ལིའི་ཕྱི་འབྲེལ་དཔོན་ཞིག་མཐར་སྤྲོད་བཏང་སྟེ་དུས་ཚོད24ནང་ཕྱིར་འཐེན་དགོས་པར་ཐག་བཅད།

གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་ཨུ་རུ་སུ་རུ་སྡོད་པའི་དབྱི་ཐ་ལིའི་གཞུང་ཚབ་ཆེན་མོ་དང་ཐུག་འཕྲད་གནང་བ་མ་ཟད། རྒྱལ་སྤྱིའི་འགྲོ་འོང་གི་སྤྲིངས་ཡིག་སྤྲད་པ་རེད། སྤྲིངས་ཡིག་ནང་དབྱི་ཐ་ལི་ཕྱོགས་ཀྱིས་དབྱི་ཐ་ལི་རུ་སྡོད་པའི་ཨུ་རུ་སུའི་ལས་བྱེད་མི་སྣར་མཛའ་གཤིས་སྣང་མེད་དང་ཚུལ་མིན་གྱི་བྱ་སྤྱོད་སྤེལ་བར་ཨ་ལན་སློག་ཡོད་ལ། ཨུ་རུ་སུ་ཕྱོགས་ཀྱིས་ཨུ་རུ་སུ་རུ་སྡོད་པའི་དབྱི་ཐ་ལིའི་གཞུང་ཚབ་ཁང་གི་དྲག་དཔོན་ལས་རོགས་པ་གཅིག“དགའ་བསུ་མི་ཐོབ་པའི་མི”ཡི་གྲས་སུ་བཞག་པ་ཁྱབ་བསྒྲགས་བྱས་ཤིང་ཆུ་ཚོད24ཡི་ནང་ཨུ་རུ་སུ་ནས་ཕྱིར་འཐེན་བྱ་དགོས་པ་ཁྱབ་བསྒྲགས་བྱས།

དབྱི་ཐ་ལིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་ཨུ་རུ་སུའི་བྱ་སྤྱོད་ནི་ཁུངས་ལུང་སྤུ་ཙམ་ཡང་མེད་ལ་དྲང་གཞག་མིན་པ་ཞིག་རེད་ཅེས་རྒོལ་ལན་སྤྲད།

དབྱི་ཐ་ལིའི་སྲིད་གཞུང་གིས་ཟླ3པའི་ཚེས31ཉིན་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་གཉིས་ལ་གསང་འཕྲིན་ཉོ་ཚོང་གི་དོགས་གཞི་ཡོད་པས་མཐར་སྤྲོད་གཏོང་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།