ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ནུབ་ཕྱོགས་ཀྱི་ཧི་ལཱ་ཐི་ཞིང་ཆེན་གྱི་ཧྲིན་ཀྲང་ཁཱ་ཐཱ་ལེ་ཡིས་ཚེས་ཉེར་ལྔ་ཉིན་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་སྐོར་ཞིག་གིས་ཉིན་དེར་ཞིང་ཆེན་དེའི་དབྱི་སི་ལན་ཆོས་ཁང་ཞིག་ཏུ་འགད་རྫས་བཟོ་སྐབས་འགས་གཏོར་བྱུང་སྟེ། ཉུང་མཐར་ཡང་དྲག་ཆས་མི་སྣ་ཉི་ཤུར་ཤི་རྨས་ཐེབས་ཡོད་ཟེར།
ཁཱ་ཐཱ་ལེ་ཡིས་བཤད་རྒྱུར། འགས་གཏོར་བྱུང་བའི་དབྱི་སི་ལན་ཆོས་ཁང་དེ་ནི་ཐཱ་ལེ་པན་དྲག་ཆས་པས་རང་སྲོག་གཅོད་པའི་འགས་གཏོར་འགད་རྫས་ལས་ས་ཡིན་པ་རེད་ཟེར།
མིག་སྔར་ཐཱ་ལེ་པན་ཕྱོགས་ཀྱིས་ཁཱ་ཐཱ་ལེ་ཡིས་སྤེལ་བའི་གནས་ཚུལ་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་དྲག་ཆས་པས་འགད་རྫས་ལས་སྐབས་འགས་གཏོར་བྱུང་ནས་མི་ཉི་ཤུ་ལྷག་ལ་ཤི་རྨས་བྱུང་།