ཀྲུང་གོ་བོད་ཀྱི་དྲ་བ།

ཙེམ་པབ་ཝེའི་དམག་ཕྱོགས་ཀྱི་གྱེན་འཕུར་གནམ་གྲུ་ཞིག་སར་ལྷུང་སྟེ་མི་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཙེམ་པབ་ཝེའི་དམག་ཕྱོགས་ཀྱི་གྱེན་འཕུར་གནམ་གྲུ་ཞིག་ཚེས23ཉིན་རྒྱལ་ས་ཧཱ་ལཱ་ལོས་ཉེ་འདབས་སུ་སར་ལྷུང་སྟེ། ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་ལ་རྨས་ཕོག་ཟེར། 

ཙེམ་པབ་ཝེའི་མཁའ་དམག་གི་དམག་སྤྱི་མའོ་ཡའོ་ཡིས་བཤད་རྒྱུར། གྱེན་འཕུར་གནམ་གྲུ་སར་ལྷུང་ས་ནི་ཧཱ་ལཱ་ལོས་ཤར་ངོས་ཀྱི་སྤྱི་ལེ་སུམ་ཅུའི་མཚམས་རེད། དོན་རྐྱེན་མ་བྱུང་གོང་གྱེན་འཕུར་གནམ་གྲུ་དེས་རྒྱུན་སྲོལ་གྱི་སྦྱོང་བརྡར་བྱེད་བཞིན་ཡོད་པ་དང་། གྱེན་འཕུར་གནམ་གྲུ་དེ་སར་ལྷུང་ནས་ས་ངོས་ཀྱི་ཁང་བ་ཞིག་ལ་ཐོ་བརྒྱབ་པ་རེད། གནམ་གྲུའི་སྟེང་གི་ཁ་ལོ་བ་གཉིས་དང་ལག་རྩལ་མི་སྣ་གཅིག་བཅས་ཚང་མ་རྐྱེན་ལམ་དུ་ཤོར་བར་མ་ཟད། ཁང་བའི་ནང་ནས་བྱིས་པ་ཞིག་རྐྱེན་ལམ་དུ་ཤོར། གཞན་ཡང་ས་ངོས་ཀྱི་མི་གཉིས་ལ་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་བསྐྱལ་ཏེ་གསོ་བཅོས་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།