ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་ཕྱོགས་མང་འགུལ་སྐྱོད་སྤེལ་ནས་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་གསུམ་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་འགུལ་སྐྱོད་སྤེལ་ཏེ། མིའི་རིགས་ཀྱི་མདུན་དུ་ལྷགས་པའི་ཉམས་ཉེན་དང་འཇིགས་ཉེན་ཐག་གཅོད་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཟླ་བཞི་བའི་ཚེས་ཉེར་བཞི་ཉིན་ནི་ཕྱོགས་མང་རིང་ལུགས་དང་ཞི་བདེའི་ཕྱི་འབྲེལ་གྱི་རྒྱལ་སྤྱིའི་ཉིན་མོ་རེད། ཀུའུ་ཐི་ལོས་སི་ཡིས་བརྙན་རིས་ཞུ་ཚིག་ཕུལ་ཏེ། ང་ཚོར་སྟོབས་དང་ལྡན་པའི་ཕྱོགས་མང་འགུལ་སྐྱོད་མཁོ་བ་དང་། དེ་ལས་པྲོག་གསར་གློ་ཚད་རིམས་ནད་ཀྱི་བཀག་རྒྱ་ལས་ཐར་བ་དང་ནམ་ཟླའི་འགྱུར་ལྡོག་གི་ཉམས་ཉེན་ཐག་གཅོད་བྱེད་དགོས་ལ། སྔར་ལས་སྟོབས་ལྡན་དང་བདེ་འཇགས་ཡིན་པའི་སྡོད་ཁུལ་དང་སྤྱི་ཚོགས་འཛུགས་སྐྲུན་བྱེད་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། རྒྱལ་ཁོངས་བརྒལ་བའི་ཐུན་མོང་འགུལ་སྐྱོད་ཀྱི་རྨང་གཞིའི་སྟེང་། བྱེ་བྲག་གི་ཕྱོགས་མང་ཐག་གཅོད་ཇུས་གཞི་བཀོལ་ནས་མིའི་རིགས་ཀྱི་བདེ་སྐྱིད་བརྩོན་ལེན་བྱེད་རྒྱུ་ཡིན་མིག་སྔའི་གལ་འགངས་ཆེ་བའི་ལས་འགན་ཡིན། མིག་སྔར་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་འདྲ་མཉམ་ངང་བགོ་བཤའ་བྱེད་པའི་གནད་དོན་དེ་སྔ་མོ་ནས་ཐག་གཅོད་བྱེད་དགོས་ཟེར། 

ཁོས་བསྟན་དོན། ཕྱོགས་མང་ཇུས་གཞི་དེ་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་རྒྱལ་ཁོངས་བརྒལ་བའི་འཇིགས་ཉེན་ཐད་བཀོལ་བར་འཚམ་པ་དང་། ནམ་ཟླའི་ཉམས་ཉེན་དང་མཁའ་དབུགས། ཆུའི་སྦགས་བཙོག གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་རྒྱ་ཡན་དུ་གཏོང་བ་སོགས་འདུས་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།