ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡ་རུ་དྲག་ཆས་མི་སྣས་བཀག་སྐྱིལ་བྱས་པའི་སློབ་མ་གསུམ་རྐྱེན་ལམ་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡའི་དཔོན་ཕྱོགས་ཀྱིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ནེ་ཀྲི་རི་ཡའི་ནུབ་བྱང་ཕྱོགས་ཀྱི་ཁཱ་ཏུའུ་ན་མངའ་སྡེ་སར་ཡོད་པའི་སློབ་ཆེན་ཞིག་ལ་ཉེ་ལམ་དྲག་ཆས་མི་སྣས་བཀག་སྐྱིལ་ཐེབས་ཡོད་ཅིང་། སློབ་གྲྭ་དེ་གའི་སློབ་མའི་ཁྲོད་སློབ་མ་གསུམ་དྲག་ཆས་མི་སྣས་རྐྱེན་ལམ་དུ་བཏང་ཟེར།

ཁའ་ཏུའུ་ན་མངའ་སྡེ་ནང་སྲིད་སྡེ་ཁག་གི་འགན་ཁུར་མི་སྣ་སའེ་མུའུ་ཨར་ཨ་ལུའུ་ཝན་གྱིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མྱུར་སྐྱོབ་མི་སྣས་དོན་རྐྱེན་བྱུང་ས་དང་ཁ་ཐག་མི་རིང་བའི་སྡེ་བ་ཞིག་ནས་རྐྱེན་ལམ་དུ་བཏང་བའི་སློབ་མ་གསུམ་གྱི་བེམ་པོ་རྙེད་ཟེར། རྩད་གཅོད་བྱས་པ་ལྟར་ན། སློབ་མ་དེ་གསུམ་པོ་ནི་དྲག་ཆས་མི་སྣས་མེ་མདའ་བསྐོར་ཏེ་བསད་པ་ཡིན་འདུག ཨ་ལུའུ་ཝན་གྱིས་བཀག་སྐྱིལ་ཐེབས་པའི་སློབ་མ་ཡི་ཁ་གྲངས་མ་བཤད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།