ཨ་མེ་རི་ཁའི་ཁྲིམས་འཛིན་སྡེ་ཁག་གིས་རྒྱལ་ཚོགས་ལ་རྒོལ་མཁན་གྱི་དོགས་ཡོད་ཉེས་ཅན་བརྒྱ་ལྷག་ཁྲིམས་སྦྱོར་འཛིན་བཟུང་བྱེད་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་ཞིབ་དཔྱོད་ལས་ཁུངས་ཀྱིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ད་ལོའི་ལོ་འགོར་རྒྱལ་ཚོགས་ཐོག་ཆེན་མདུན་ནས་དྲག་ཤུགས་ཀྱི་དོན་རྐྱེན་ཆེན་པོ་བྱུང་བར་དམིགས་ཏེ། ཨ་མེ་རི་ཁའི་ཁྲིམས་འཛིན་སྡེ་ཁག་གིས་རྒྱལ་ཚོགས་ལ་རྒོལ་མཁན་གྱི་དོགས་ཡོད་ཉེས་ཅན་བརྒྱ་ལྷག་ཁྲིམས་སྦྱོར་འཛིན་བཟུང་བྱེད་རྒྱུ་ཡིན་ཟེར།

ལུའུ་ཐུའུ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཞིབ་དཔྱོད་ལས་ཁུངས་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་ཁྲིམས་རར་སྤྲད་པའི་རྒྱུ་ཆའི་ནང་བཤད་རྒྱུར། རྒྱལ་ཚོགས་ལ་རྒོལ་མཁན་གྱི་དོགས་ཡོད་ཉེས་ཅན་བཞི་བརྒྱ་ལྷག་ཁྲིམས་ལ་སྦྱོར་རྒྱུ་ཡིན་ལ། དེའི་ཐད་རྩད་གཅོད་སྔར་བཞིན་བྱེད་ཀྱིན་ཡོད་ཅིང་། སྲིད་གཞུང་གིས་ཉུང་མཐར་ཡང་མི་བརྒྱ་ཁྲིམས་ལ་སྦྱོར་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།