ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་སྲིད་གཞུང་གིས་ཏུང་ཅིན་སོགས་ས་ཁུལ་མང་པོ་ཞིག་ཡང་བསྐྱར་ཛ་དྲག་གི་གནས་སུ་ཐོན་པ་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པྲོག་དབྱིབས་ནད་དུག་གི་གནས་བབ་སྔར་ལས་ཇེ་སྡུག་ཏུ་ཕྱིན་པ་དང་བསྟུ་ནས། འཇར་པན་སྲིད་གཞུང་གིས་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་ཡང་བསྐྱར་མངོན་བསྒྲགས་བྱས་ཏེ། ཏུང་ཅིན་སོགས་ས་ཁུལ་བཞི་ཡང་བསྐྱར་ཛ་དྲག་གི་གནས་སུ་སླེབས་པ་བསྒྲགས་པ་དང་། ཛ་དྲག་གི་དུས་ཡུན་ནི་ཟླ་བཞི་པའི་ཚེས་ཉེར་ལྔ་ཉིན་ནས་ཟླ་ལྔ་པའི་ཚེས་བཅུ་གཅིག་ཉིན་བར་ཡིན་ཟེར། ཛ་དྲག་གི་གནས་སྐབས་སུ། ཚོང་ལས་ཆེ་གྲས་དང་ལུས་རྩལ་འགྲན་སྡུར་སོགས་ཀྱི་བྱ་འགུལ་ཆེ་གྲས་སུ་ཡུལ་དངོས་ལྟད་མོ་བ་དང་ཚོང་རྒྱག་མཁན་ཡོད་མི་ཆོག་པ་བཟོས།

ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་དུ། འཇར་པན་དུ་བསྟུད་མུར་ཉིན་གསུམ་གྱི་རིང་ལ་པྲོག་དབྱིབས་ནད་དུག་འགོས་པའི་ནད་པ་སྟོང་ལྔ་ལས་བརྒལ།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།