ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་དུ་ཁྱོན་བསྡོམས་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ143445675ལ་སླེབས་ཡོད་པར་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས22ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། འཛམ་གླིང་དུ་ཁྱོན་བསྡོམས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ143445675སླེབས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དྲ་ཚིགས་ཀྱི་གཞི་གྲངས་གསར་བ་ལས་མངོན་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་དུས་ཚོད་ཚེས22ཉིན་གྱི་དུས་ཚོད18དང་སྐར་མ02སྟེང་།(པེ་ཅིན་གྱི་དུས་ཚོད་ཚེས23ཉིན་གྱི་དུས་ཚོད་ཐིག་དང་སྐར་མ02སྟེང)འཛམ་གླིང་དུ་གཏན་འཁེལ་བྱས་པའི་ནད་པ་ཉིན་སྔོན་མ་ལས874381ཇེ་མང་དུ་སོང་བ་དང་། ནད་པ143445675ལ་སླེབས། ཤི་བའི་ནད་པ་14033འཕར་ནས་ནད་པ3051736ལ་སླེབས།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།