ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དམག་ཕྱོགས་ཀྱིས་སི་རི་ཡཱ་ཡིས་དབྱི་སི་རལ་ལྷོ་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ལྷོ་ཕྱོགས་ཀྱི་ནེ་ཀའེ་ཧྥུའུ་ས་ཁུལ་དུ་ཉིན་དེའི་ཞོགས་པར་སི་རི་ཡཱ་ནས་གཏོང་འཕེན་བྱེད་པའི་འཕུར་མདའི་འཇབ་རྒོལ་ཐེབས་པ་དང་། དེར་རྒོལ་ལན་སྤྲོད་པའི་ཆེད་དུ་དབྱི་སི་རལ་དམག་དཔུང་གིས་སི་རི་ཡཱའི་དམག་དོན་དམིགས་འབེན་མང་བོར་ཆམ་ཕབ་བཏང་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་མཁའ་སྲུང་མ་ལག་གིས་རང་གི་མངའ་ཁོངས་སུ་གཏོང་འཕེན་བྱས་པའི་འཕུར་མདའ་བཀག་འགོག་བྱས། དབྱི་སི་རལ་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཉིན་དེའི་ཞོགས་པར་དབྱི་སི་རལ་ལྷོ་ཕྱོགས་ཀྱི་གྲོང་ཁྱེར། རྒྱལ་ཁབ་དེའི་ཉིང་རྡུལ་ནུས་པའི་འབར་རྫས་ཡོད་སའི་ཏིས་མའོ་ནཱ་གྲོང་ཁྱེར་དུ་ཉེན་བརྡ་གྲགས་པ་དང་། སི་རི་ཡཱའི་ཕྱོགས་ཀྱི་འཕུར་མདའ་དེ་དབྱི་སི་རལ་གྱི་མཁའ་སྲུང་མ་ལག་གིས་བཀག་ནས་མི་སྣར་ཤི་རྨས་དང་སྒྲིག་ཆས་ལ་གཏོར་བརླག་བཟོས་མེད་ཟེར། 

དབྱི་སི་རལ་དམག་ཕྱོགས་ཀྱི་གསལ་སྒྲོག་ལས་ད་རུང་བཤད་རྒྱུར། སི་རི་ཡཱ་ཕྱོགས་ཀྱི་འཇབ་རྒོལ་དེར་རྒོལ་ལན་སྤྲོད་ཆེད། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་སི་རི་ཡཱའི་འཕུར་མདའི་གཡུལ་ས་མང་བོར་བར་སྣང་འཇབ་རྒོལ་བྱས་པ་དང་། དེའི་ནང་ཉིན་དེར་འཕུར་མདའ་གཏོང་འཕེན་བྱེད་སའི་གནས་ཀྱང་འདུས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།