ཀྲུང་གོ་བོད་ཀྱི་དྲ་བ།

​ཧིན་རྡུ་རུ་སྨན་ཁང་གི་དབྱང་རླུང་མཁོ་འདོན་སྒྲིག་ཆས་ལ་ཆག་སྐྱོན་བྱུང་ནས་པྲོག་གསར་གློ་ཚད་ནད་པ་ཤི་བའི་དོན་རྐྱེན་བྱུང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧིན་རྡུའི་མཱ་ཧྭ་ལཱ་ཧྲིའི་ཐི་ལ་པང་གི་སྨན་ཁང་ཞིག་ཏུ་ཚེས21ཉིན་དབྱང་རླུང་གསོག་ཉར་སྣོད་ལས་དབྱང་རླུང་ཕྱིར་ཤོར་བའི་དོན་རྐྱེན་བྱུང་སྟེ། འབྱིན་རྔུབ་འཕྲུལ་ཆས་བེད་སྤྱོད་བྱེད་སྒང་ཡིན་པའི་པྲོག་གསར་ནད་པ22ལ་དབྱང་རླུང་དཀོན་པར་གྱུར་ནས་རྐྱེན་ལམ་དུ་ཤོར།

མཱ་ཧྭ་ལ་ཧྲི་ཐི་ལ་པང་གི་འཕྲོད་བསྟེན་དཔོན་པོས་བསྟན་དོན། དོན་རྐྱེན་བྱུང་ས་ནི་ན་ཞི་ཁུ་ས་ཁུལ་གྱི་སྨན་ཁང་ཞིག་ཡིན་ཞིང་། ད་ལྟ་འབྲེལ་ཡོད་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་ལ། དེ་ལས་གཞན་ཧིན་རྡུའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། སྨན་ཁང་དེའི་ནད་པས་དེ་སྔོན་སྨན་ཁང་ལ་དབྱང་རླུང་མཁོ་འདོན་མི་འདང་བར་འཁང་ར་བྱས་ཟིན་ཟེར།

ཟླ3པའི་ཟླ་མགོར་ཧིན་རྡུའི་རིམས་ནད་ཚབས་ཆེན་ཐེངས་གཉིས་པ་བྱུང་བའི་རིང་ལ། མ་ཧྭ་ལ་ཧྲི་ཐི་པང་གི་སྨན་ཁང་གི་པྲོག་གསར་གློ་ཚད་བྱུང་བའི་ནད་པ་མང་དུ་བྱུང་ཞིང་། དབྱང་རླུང་མི་འདང་བ་དང་ནད་ཁྲི་སོགས་སྨན་བཅོས་ཐོན་ཁུངས་མི་འདང་བའི་གནས་ཚུལ་ཚབས་ཆེན་བྱུང་།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།