ཨོ་སུ་ཁྲུ་ལེ་ཡ་ཡིས“རྒྱུད་གཅིག་ལམ་གཅིག”ངོས་ཟིན་དང་སྒྲོམ་གཞིའི་གྲོས་མཐུན་ཁས་མི་ལེན་པ་ཁྱབ་བསྒྲགས་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས21ཉིན། ཀྲུང་གོའི་ཨོ་སུ་ཁྲུ་ལེ་ཡའི་གཞུང་ཚབ་ཁང་གིས་གནས་ཚུལ་བསྒྲགས་པར། ཨོ་སུ་ཁྲུ་ལེ་ཡའི་ཕྱི་འབྲེལ་དཔོན་གྱིས་ཟླ4པའི་ཚེས21ཉིན་ཀྲུང་གོ་དང་ཨོ་སུ་ཁྲུ་ལེ་ཡ་ཝི་ཁེ་ཐོ་རུའེ་ཡ་མངའ་སྡེ་སྲིད་གཞུང་དང་མཉམ་དུ་མིང་རྟགས་བཀོད་པའི“རྒྱུད་གཅིག་ལམ་གཅིག”ངོས་ཟིན་དང་སྒྲོམ་གཞིའི་གྲོས་མཐུན་རྩིས་མེད་རྡོག་རོལ་གཏོང་བ་དེ་ནི་ཧ་ཅང་ཡི་མ་རང་བ་ཞིག་དང་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན། 

“རྒྱུད་གཅིག་ལམ་གཅིག”ནི་དཔལ་འབྱོར་མཉམ་ལས་ཀྱི་འབོད་སྐུལ་ཞིག་ཡིན་ལ། མཉམ་འཚོང་མཉམ་བསྐྲུན་མཉམ་སྤྱོད་ཀྱི་རྩ་དོན་མཐའ་གཅིག་ཏུ་རྒྱུན་འཛིན་བྱས་ནས། སྒོ་འབྱེད་དང་དཀྱེལ་ཡངས། བློ་དཀར་གྱི་བསམ་བློ་བཅིངས་ཏེ། ཟུར་ཞུགས་མཁན་ཕྱོགས་སོ་སོར་མིག་མཐོང་ལག་ཟིན་གྱི་ཁེ་ཕན་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨོ་སུ་ཁྲུ་ལེ་ཡ་ཝི་ཁེ་ཐོ་རུའེ་ཡ་མངའ་སྡེ་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་ཁྲོད་མཉམ་ལས་སྤེལ་བ་དང་། ཕྱོགས་གཉིས་ཀྱི་ཉོ་འཚོང་འབྲེལ་བ་གཏིང་ཟབ་ངང་སྤེལ་བར་ཕན་པ་དང་། ཝི་ཁེ་ཐོ་རུའེ་ཡ་མངའ་སྡེ་ཡི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཡོང་བར་ཕན་ཐོགས་ཡོད་པས། ཝི་ཁེ་ཐོ་རུའེ་ཡ་མངའ་སྡེའི་མི་དམངས་ལ་བདེ་སྐྱིད་མི་ཉུང་བ་བསྩལ་ཡོད། 

ཨོ་སུ་ཁྲུ་ལེ་ཡ་ཕྱོགས་ཀྱི་བྱེད་ཕྱོགས་འདི་ནི་ཀྲུང་གོར་ཁ་གཏད་པའི་ལུགས་མེད་ཀྱི་འཁྲུག་སློང་བྱ་ཐབས་ཤིག་ལས་མ་འདས། དེས་ཨོ་སུ་ཁྲུ་ལེ་ཡ་ལ་ཀྲུང་གོ་དང་ཨོ་སུ་ཁྲུ་ལེ་ཡའི་འབྲེལ་བ་ཐག་གཅོད་པའི་སེམས་འདུན་སྤུ་ཙམ་ཡང་མེད་པ་ཡང་བསྐྱར་ར་སྤྲོད་བྱས་ཡོད། ཕྱོགས་གཉིས་ཀྱི་འབྲེལ་བར་མུ་མཐུད་དུ་གནོད་པ་ཕོག་སྲིད་པ་ཁོ་ཐག་ཡིན་པ་མ་ཟད། ཐང་གི་རྡོ་བླངས་ནས་རུམ་གྱི་བྲོ་ལྷུང་བའི་དཔེ་རུ་འགྱུར་སྲིད་དོ།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།