ཀྲུང་གོ་བོད་ཀྱི་དྲ་བ།

སོ་མ་ལིའི་རྒྱལ་ས་ལ་མེ་སྒྱོགས་ཀྱིས་འཇབ་རྒོལ་ཐེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མོ་ཀ་ཏི་ཧྲ་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས21ཉིན་སོ་མ་ལིའི་དམག་ཕྱོགས་ཀྱིས་རྒྱལ་ཁབ་དེའི་རྒྱལ་ས་མོ་ཀ་ཏི་ཧྲར་ཉིན་དེར་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་ནས་མི4རྐྱེན་ལམ་དུ་ཤོར་བ་དང་མི་མང་པོར་རྨས་སྐྱོན་བཟོས་པར་བཤད། སོ་མ་ལིའི་དམག་ཕྱོགས་རླུང་འཕྲིན་ལས་ཁུངས་ཀྱི་གནས་ཚུལ་ལ་གཞིགས་ན། ཐལ་སྤྱོད་རྩ་འཛུགས་ཏེ་སོ་མ་ལིའི“གཞོན་ནུའི་ཏང”གིས་ཉིན་དེར་འཕེན་གཏོང་བྱས་པའི་སྒྱོགས་མདེལ་དེ་མོ་ཀ་ཏི་ཧྲའི་ཙུང་ཐུང་བཞུགས་ཤག་གི་ཉེ་འགྲམ་དུ་ཡོད་པའི་ཏའེ་ལེ་ཁུལ་དང་ཝར་ཐ་ན་པ་ཏ་ཆུས་སུ་ཕོག་ནས་མི4རྐྱེན་ལམ་དུ་ཤོར་བ་དང་མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད།

སོ་མ་ལིའི“གཞོན་ནུའི་ཏང”གིས་ཐེངས་འདིའི་འཇབ་རྒོལ་བཟོས་པ་དང་འཇབ་རྒོལ་གྱི་དམིགས་ཡུལ་ནི་ཙུང་ཐུང་བཞུགས་ཤག་ཡིན་ཞེས་ཁྱབ་བསྒྲགས་བྱས།

སོ་མ་ལིའི“གཞོན་ནུའི་ཏང”ནི“རྟེན་གཞི”རྩ་འཛུགས་དང་འབྲེལ་བ་ཡོད་པའི་ཐལ་སྤྱོད་རྩ་འཛུགས་ཤིག་ཡིན་ལ་ཉེ་བའི་ལོ་ཤས་རིང་སོ་མ་ལི་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ཏུ་འཇིགས་སྐུལ་འཇབ་རྒོལ་ཐེངས་མང་བྱས་མྱོང་། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།