ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་“བློ་གྲོས”རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་ཐོག་མའི་འཕུར་བསྐྱོད་ལེགས་འགྲུབ་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་མཁའ་བསྐྱོད་ཅུས་ཚེས19ཉིན་བསྒྲགས་དོན། “བློ་གྲོས”རྟགས་ཅན་གྱི་གྱེན་འཕུར་གནམ་གྲུས་མེ་སྐར་སྟེང་གི་འཕུར་བསྐྱོད་ཐོག་མ་ལེགས་འགྲུབ་བྱས་ཤིང་། འདི་ནི་མིས་བཟོས་མཁའ་བསྐྱོད་འཕྲུལ་ཆས་ཀྱིས་ཐོག་མར་རྒྱུ་སྐར་གཞན་གྱི་སྟེང་འཕུར་བསྐྱོད་བྱས་པ་ཡིན།

“བློ་གྲོས”རྟགས་ཅན་གྱི་ཚོགས་པས་བཤད་རྒྱུར། མེ་སྐར་སྟེང་ནས་སའི་གོ་ལའི་སྟེང་བསྐུར་ཡོང་བའི་གཞི་གྲངས་ལས་མངོན་པ་ལྟར་ན། “བློ་གྲོས”རྟགས་ཅན་གྱི་གྱེན་འཕུར་གནམ་གྲུས་ཧ་ལམ་སྐར་ཆ་40ནང་མེ་སྐར་སྟེང་འཕུར་བསྐྱོད་ཐོག་མ་ལེགས་འགྲུབ་བྱས་ཤིང་། གྱེན་དུ་སྨི3ལ་ཡར་འཕུར་རྗེས། ལྡིང་སྐོར་ལག་བསྟར་བྱས་ཤིང་། མར་འབབ་པ་དང་སར་འབབ་པ་སོགས་ཀྱི་རྣམ་པ་ལག་བསྟར་བྱས།

“བློ་གྲོས”རྟགས་ཅན་གྱི་གྱེན་འཕུར་གནམ་གྲུས་ཟླ2པའི་ཚེས18ཉིན་“བློ་སྤོབས”རྟགས་ཅན་གྱི་མེ་སྐར་རླངས་འཁོར་དུ་བསྡད་དེ་མེ་སྐར་སྟེང་བབས་པ་དང་། དེའི་ལྗིད་ཚད་ལ་སྟོང་ཁེ1.8ཡོད་པ་དང་།གཤོག་པ་ལེབ་མོ4ཡོད་ཅིང་། ཉི་ནུས་ཀྱི་གློག་གཡིས་ལ་བརྟེན་ནས་གློག་གསོག་བཞིན་ཡོད།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།