ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིའི་ཧྥུ་ལུའོ་དབྱི་ཏེ་གྱོད་གཞིར་ཁྲིམས་ཐག་བཅད་པ་དང་ཙུའུ་ཐུང་པེ་ཏིང་གིས་དེའི་སྐོར་ལ་གསུང་བཤད་གནང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20210421085902.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་ཟླ4བཔའི་ཚེས20ཉིན་གྱི་ཕྱི་དྲོར། གཟའ་འཁོར3རིང་གི་ཁྲིམས་སའི་ཞིབ་གཅོད་བརྒྱུད། དེ་སྔའི་མི་དཀར་ཉེན་རྟོག་པ་ཏེ་ལེ་ཁེ·ཞའོ་ཝན་གྱིས་ཨ་ཧྥེ་རི་ཀའི་སྐྱེས་པ་ཆའོ་ཀྲི་ཧྥུ་ལོ་དབྱི་ཏེ་བསད་པའི་གྱོད་གཞི་ཨ་རིའི་མིན་ཉི་སུའུ་ཏ་མངའ་སྡེ་མིན་ཉི་ཨ་པོ་ལི་སི་གྲོང་ཁྱེར་རུ་བཅད་ཁྲ་ཁྱབ་བསྒྲགས་བྱས། མི12ཡི་མཉམ་ཞུགས་གྱོད་ཞིབ་ལྷན་ཚོགས་ཀྱིས་ཞའོ་ཝན་གྱིས་རིམ་པ་གཉིས་པའི་ལྐོག་གསོད་དང་རིམ་པ་གསུམ་པའི་ལྐོག་གསོད། རིམ་པ་གཉིས་པའི་ལས་འཛོལ་མི་གསོད་བཅས་ཀྱི་བྱས་ཉེས་བསགས་འདུག་པར་ཐག་བཅད། ཞའོ་ཝན་གྱིས་ཉེས་མིང་དེ་དག་ཁས་བླངས་མེད། གལ་ཏེ་ཉེས་མིང་དེ་དག་ཐོབ་པ་ཡིན་ན། ཞའོ་ཝན་གྱི་རིམ་པ་གཉིས་པའི་ལྐོག་གསོད་ལ་ཆེས་མཐོའི་ལོ་ཐག40གཅོད་པ་དང་། རིམ་པ་གསུམ་པའི་ལྐོག་གསོད་ལ་ཆེས་མཐོའི་ལོ་ཐག25གཅོད་པ། རིམ་པ་གཉིས་པའི་ལས་འཛོལ་མི་གསོད་ལ་ཆེས་མཐོའི་ལོ་ཐག10གཅོད་པ་ཡིན། ཞའོ་ཝན་ལ་དེ་སྔོན་བྱས་ཉེས་བསགས་པའི་ཟིན་ཐོ་མེད་པ་དང་། ལོ་ཐག་གཅོད་ནའང་ཆེས་མཐོའི་ལོ་ཐག་ལས་ཉུང་སྲིད། 

གྱོད་དོན་དེ་ཟླ3པའི་ཚེས29ཉིན་ཞིབ་གཅོད་བྱེད་མགོ་བརྩམས་པ་དང་། གྱོད་ཡ་ཕྱོགས་གཉིས་ཀྱིས་བསྡོམས་པས་བདེན་དཔང་མི45འབོད་འགུག་བྱས་ཡོད། 

        ཙུའུ་ཐུང་པེ་ཏིང་གིས་འདི་ནི་མངོན་སུམ་འཛེམ་མེད་ཀྱི་མི་གསོད་ཡིན་པར་བཤད་པ། 

ས་གནས་དེའི་ཟླ4པའི་ཚེས20ཉིན་གསར་འགྱུར་བསྒྲགས་དོན། ཨ་རིའི་ཙུའུ་ཐུང་པེ་ཏིང་གིས་ཚེས19ཉིན་ཨ་ཧྥེ་རི་ཀའི་སྐྱེས་པ་ཆའོ་ཀྲི་ཧྥུ་ལོ་དབྱི་ཏེའི་ཁྱིམ་མིར་ཁ་པར་བཏང་བ་དང་། པེ་ཏིང་གིས་ཁ་པར་ནང་དུ་བསྟན་དོན། ཁོ་ལའང་རང་གི་ཁྱིམ་མི་བརླག་པའི་ལོ་རྒྱུས་ཡོད་པས། ཁོས་ཧྥུ་ལོ་དབྱི་ཏེའི་ཁྱིམ་མིའི་གནས་བབ་རྟོགས་ཐུབ་པ་དང་། ཧྥུ་ལོ་དབྱི་ཏེའི་ཁྱིམ་མི་དང་མཉམ་དུ་གདུང་སེམས་མཉམ་སྐྱེད་བྱེད་བཞིན་ཡོད་ལ། ཡང་དག་པའི་འདྲི་གཅོད་ཅིག་ཐོན་པར་སྐྱབས་འཇུག་ཞུ་བཞིན་ཡོད། ཡོད་ཚད་བདེ་བར་སྨོན་ཞེས་བསྟན། 

ཚེས20ཉིན་གྱི་ཕྱི་དྲོར། གྱོད་དོན་དེར་འདྲི་གཅོད་བྱས་རྗེས། ཙུའུ་ཐུང་པེ་ཏིང་དང་ཙུའུ་ཐུང་གཞོན་པ་ཧ་ལི་སི་གཉིས་ཀྱིས་དེའི་སྐོར་ལ་གསུང་བཤད་གནང་། པེ་ཏིང་གིས་ཧྥུ་ལོ་དབྱི་ཏེ་འདས་བ་ནི་མངོན་སུམ་འཛེམ་མེད་ཀྱི་མི་གསོད་ཅིག་ཡིན་པ་དང་། “མ་ལག་རང་བཞིན་གྱི་མི་རིགས་རང་ལུགས”དང“ང་ཚོའི་རྒྱལ་ཁབ་ཀྱི་ནག་ཐིག”ཅིག་ཀྱང་ཡིན་ཞེས་བསྟན།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།