ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏེན་གྱི་བདག་དབང་ཨུ་ཡོན་ལྷན་ཁང་དང་པུའུ་ཀྲང་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་དགུ་ཉིན་བཅའ་ཁྲིམས་འཆར་ཟིན་ཞིག་ལ་ཆོག་མཆན་བཀོད་དེ། དུས་རབས་སྔོན་མར་སྤེལ་བའི་དབྱི་སི་རལ་ལ་ངོ་རྒོལ་བྱེད་པའི་འབྲེལ་ཡོད་བཅའ་ཁྲིམས་རྩིས་མེད་དུ་བཏང་།
སུའུ་ཏན་གྱི་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ཨར་ཧན་གྱིས་ཉིན་དེར་རྒྱལ་ས་ཁཱ་ཐུའུ་མུའུ་ནས་མགོ་འཛིན་བྱས་ཏེ་བདག་དབང་ཨུ་ཡོན་ལྷན་ཁང་དང་པུའུ་ཀྲང་ཨུ་ཡོན་ལྷན་ཁང་གི་མཉམ་ཞུགས་གྲོས་ཚོགས་བསྡུས། སུའུ་ཏན་གྱི་ཁྲིམས་འཛིན་པུའུ་ཀྲང་པཱ་ལི་ཡིས་དེའི་རྗེས་སུ་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། མཉམ་ཞུགས་གྲོས་ཚོགས་ནས་བཅའ་ཁྲིམས་འཆར་ཟིན་རེ་འགར་གྲོས་མཐུན་བཀོད་པ་དང་། དེའི་ནང་དབྱི་སི་རལ་ལ་ངོ་རྒོལ་བྱེད་པ་རྩིས་མེད་དུ་གཏོང་བའི་བཅའ་ཁྲིམས་འཆར་ཟིན་འདུས་ཟེར།
བསྒྲགས་པ་ལྟར་ན། སུའུ་ཏན་གྱིས་གཅིག་སྟོང་དགུ་བརྒྱ་ང་བརྒྱད་ལོར་འབྲེལ་ཡོད་བཅའ་ཁྲིམས་སྤེལ་ཏེ། དབྱི་སི་རལ་བར་དཔལ་འབྱོར་ཉོ་ཚོང་འབྲེལ་བ་འཛུགས་པ་གཏན་འགོག་བྱས་པ་དང་། ཁྲིམས་འགལ་མཁན་ལ་ཆེས་མཐོ་ན་ལོ་བཅུའི་དུས་བཀག་བཙོན་འཇུག་བྱེད་རྒྱུ་ཐག་བཅད།
ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་བའི་ཚེས་ཉེར་གསུམ་ཉིན། ཨ་མེ་རི་ཁ་དང་སུའུ་ཏན། དབྱི་སི་རལ་བཅས་ཀྱིས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་སུའུ་ཏན་དང་དབྱི་སི་རལ་གྱི་རྒྱུན་ལྡན་འབྲེལ་བ་མངོན་འགྱུར་བྱེད་པར་ཡིད་འཐད་བྱུང་། སུའུ་ཏན་གྱི་ཕྱི་འབྲེལ་པུའུ་ཡིས་ཟླ་དེའི་ཚེས་ཉེར་ལྔ་ཉིན་གསལ་སྒྲོག་སྤེལ་ནས། སུའུ་ཏན་གྱིས་དབྱི་སི་རལ་བར་གྱི་དཔལ་འབྱོར་དང་ཚོང་ལས་འགྲོ་འོང་དངོས་སུ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
སུའུ་ཏན་གྱིས་དབྱི་སི་རལ་ལ་ངོ་རྒོལ་བྱེད་པའི་འབྲེལ་ཡོད་བཅའ་ཁྲིམས་རྩིས་མེད་དུ་བཏང་།