ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་འཇིགས་སྐུལ་ཉེས་ཅན་གསུམ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་ནང་སྲིད་པུའུ་ཡིས་ཚེས་བཅུ་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཉིན་དེར་ཞི་ནེ་བྱང་མ་ཞིང་ཆེན་གྱི་འཇིགས་སྐུལ་ཉེས་ཅན་སྦས་སྐོང་བྱེད་ས་ཞིག་ལ་གློ་བུར་དུ་འཇབ་རྒོལ་བྱས་ནས། འཇིགས་སྐུལ་ཉེས་ཅན་གསུམ་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་དམག་དཔུང་ལ་གསང་འཕྲིན་འབྱོར་རྗེས། ཞི་ནེ་བྱང་མ་ཞིང་ཆེན་གྱི་ཨ་པུའུ་ཐཱ་ལེ་ས་ཁུལ་གྱི་དམིགས་འབེན་ཞིག་ལ་གློ་བུར་དུ་འཇབ་རྒོལ་བྱས་ཏེ། མི་གསུམ་བསད་པ་དང་། རང་འགུལ་མེ་མདའ་གསུམ་དང་འགད་རྫས་སྒྲིག་ཆས་ཆ་ཚང་གཞུང་བཞེས་བྱས་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། བསད་པའི་འཇིགས་སྐུལ་ཉེས་ཅན་དེ་གསུམ་པོ་མི་བཞི་དམར་གསོད་བཏང་བའི་གྱོད་དོན་ལ་འབྲེལ་བ་ཡོད་པར་མ་ཟད། ཉེན་རྟོག་པ་དང་དམག་དཔུང་གི་སྤྱི་ཁྱབ་པུའུ་ལ་འཇབ་རྒོལ་བྱེད་རྩིས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།