ཀྲུང་གོ་བོད་ཀྱི་དྲ་བ།

ཀྲ་ཏིའི་དམག་ཕྱོགས་ཀྱིས་ནུབ་ཕྱོགས་ཞིང་ཆེན་ནས་དྲག་ཆས་ཉེས་ཅན་སུམ་བརྒྱ་ལྷག་བསད་པ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲ་ཏིའི་དམག་ཕྱོགས་ཀྱི་མགྲིན་ཚབ་པས་ཚེས་བཅུ་དགུ་ཉིན་ཁྱབ་སྒྲོག་བྱས་དོན། ཀྲ་ཏིའི་དམག་དཔུང་གིས་ཚེས་བཅུ་བདུན་ཉིན་རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་ཅཱ་ནེ་མུའུ་ཞིང་ཆེན་ནས་དྲག་ཆས་ཉེས་ཅན་སུམ་བརྒྱ་ལྷག་བསད་ཟེར། 

མགྲིན་ཚབ་པ་དེས་བཤད་རྒྱུར། ཀྲ་ཏིའི་དམག་དཔུང་གིས་ད་རུང་དྲག་ཆས་ཉེས་ཅན་བརྒྱ་དང་ལྔ་བཅུ་འཛིན་བཟུང་བྱས་པ་དང་། རླངས་འཁོར་ཉེར་དྲུག་གཞུང་བཞེས་བྱས་ཡོད།  ཀྲ་ཏིའི་དམག་དཔུང་གི་དམག་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་སོ་དྲུག་ལ་རྨས་ཕོག་ཡོད་ཟེར། 

ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཀྲ་ཏིའི་དམག་ཕྱོགས་ཀྱིས་བརྗོད་པའི་དྲག་ཆས་ཉེས་ཅན་ནི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་ཀྲ་ཏིའི་བཅོས་བསྒྱུར་རོགས་ལས་འཐབ་ཕྱོགས་ཀྱི་ཁོངས་མི་ཡིན་པ་རེད། རྩ་འཛུགས་དེ་གཙོ་བོ་ལི་པུ་ཡཱའི་ལྷོ་ཕྱོགས་ཀྱི་ཀྲ་ཏི་དང་འབྲེལ་བའི་མཐའ་མཚམས་ས་ཁུལ་དུ་འགུལ་སྐྱོད་བྱེད་བཞིན་ཡོད་ཟེར། 

ཀྲ་ཏིའི་བཅོས་བསྒྱུར་རོགས་ལས་འཐབ་ཕྱོགས་ཀྱིས་ཀྱང་ཚེས་བཅོ་བརྒྱད་ཉིན་སྤྱི་སྒྲོག་སྤེལ་ཏེ། རྩ་འཛུགས་དེས་ཚེས་བཅུ་བདུན་ཉིན་ཅཱ་ནེ་མུའུ་ཞིང་ཆེན་བཅིངས་འགྲོལ་བྱེད་པའི་དྲག་ཆས་འགུལ་སྐྱོད་སྤེལ་བ་ཡིན་ཟེར། 

མིག་སྔར་ཀྲ་ཏིའི་རྒྱལ་ས་ཨིན་ཅཱ་མཱེ་ནཱ་ཡིས་དམག་དོན་དོགས་ཟོན་མཐོར་འདེགས་བྱས་ཡོད། ཀྲ་ཏི་སྲིད་གཞུང་གི་མགྲིན་ཚབ་པས་ཚེས་བཅུ་དགུ་ཉིན་རྒྱལ་སའི་མང་ཚོགས་དག་འཇིགས་དངངས་སྐྱེས་མི་དགོས་པའི་འབོད་སྐུལ་བཏང་བ་དང་མིག་སྔར་གནས་བབ་གཏན་འཇགས་སུ་སོང་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།