ཀྲུང་གོ་བོད་ཀྱི་དྲ་བ།

ཙམ་པབ་ཝེའི་སྲིད་འཛིན་གྱིས་རང་བཙན་ཐོབ་ཉིན་གྱི་རྟེན་འབྲེལ་མཛད་སྒོའི་སྟེང་ཀྲུང་གོས་རིམས་ནད་འགོག་བཅོས་ཐད་རོགས་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདི་ནི་ཟླ4པའི་ཚེས18ཉིན་ཙམ་པབ་ཝེའི་རྒྱལ་ས་ཧ་ར་རེའི་ཙུང་ཐུང་ལས་ཤག་ཏུ་ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅ་ཀུ་ཝ་ཡིས་ཙམ་པབ་ཝེ་རང་བཙན་ཐོབ་ནས་ལོ་འཁོར41ལོན་པའི་རྟེན་འབྲེལ་མཛད་སྒོར་ཞུགས་པའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མུའུ་ནན་ཅ་ཀུའུ་ཝས་ཚེས18ཉིན་ཙམ་པབ་ཝེ་རང་བཙན་ཐོབ་ནས་ལོ་འཁོར41ལོན་པར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་སྟེང་ཤིས་ཚིག་གསུང་སྐབས། ཀྲུང་གོ་སོགས་མཛའ་གྲོགས་རྒྱལ་ཁབ་ཀྱིས་ཙམ་པབ་ཝེར་རིམས་ནད་འགོག་བཅོས་ཐད་དངོས་ཟོག་དང་རིམས་འགོག་སྨན་ཁབ་སོགས་ཀྱི་རོགས་སྐྱོར་གནང་བས་ཙམ་པབ་ཝེས་རིམས་ནད་ལ་འགོག་རྒོལ་དང་། དཔལ་འབྱོར་དང་ཐོན་སྐྱེད། འཚོ་བའི་སྒྲིག་ལམ་བཅས་སླར་གསོ་བྱུང་བར་ནུས་པ་གལ་ཆེན་ཐོན་ཡོད་ཅེས་གསུང་།

འདི་ནི་ཟླ4པའི་ཚེས18ཉིན་ཙམ་པབ་ཝེའི་རྒྱལ་ས་ཧ་ར་རེའི་ཙུང་ཐུང་ལས་ཤག་ཏུ་ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅ་ཀུ་ཝ་ཡིས་ཙམ་པབ་ཝེ་རང་བཙན་ཐོབ་ནས་ལོ་འཁོར41ལོན་པའི་རྟེན་འབྲེལ་མཛད་སྒོའི་སྟེང་རྒྱལ་སྲུང་དམག་དཔུང་ལ་གཟིགས་ཞིབ་གནང་བཞིན་པའི་རྣམ་པ་རེད།

འདི་ནི་ཟླ4པའི་ཚེས18ཉིན་ཙམ་པབ་ཝེའི་རྒྱལ་ས་ཧ་ར་རེའི་ཙུང་ཐུང་ལས་ཤག་ཏུ་ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅ་ཀུ་ཝ་ཡིས་ཙམ་པབ་ཝེ་རང་བཙན་ཐོབ་ནས་ལོ་འཁོར41ལོན་པའི་རྟེན་འབྲེལ་མཛད་སྒོའི་སྟེང་གསུང་བཤད་གནང་བཞིན་པའི་རྣམ་པ་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།