ཀྲུང་གོ་བོད་ཀྱི་དྲ་བ།

སུ་རུ་ཡའི་གྲོས་ཁང་གིས་ཟླ5བར་ཙུང་ཐུང་འདེམས་བསྐོའི་འདེམས་ཤོག་འཕེན་རྒྱུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུ་རུ་ཡའི་གྲོས་ཁང་གིས་ཚེས18ཉིན། སུ་རུ་ཡའི་ཙུང་ཐུང་འདེམས་བསྐོའི་འདེམས་ཤོག་དེ་ཟླ5བར་སྤེལ་རྒྱུ་ཐག་བཅད།

སུ་རུ་ཡའི་མི་དམངས་གྲོས་ཁང་གི་གྲོས་གཙོ་ཧྭ་མུའུ་ཏཱ་སཱ་པཱ་ཀི་ཡིས་ཉིན་དེར་གྲོས་ཁང་གི་གྲོས་ཚོགས་སྟེང་། སུ་རུ་ཡའི་རྒྱལ་ཁོངས་ནང་ཁུལ་གྱི་ཙུང་ཐུང་འདེམས་བསྐོའི་འདེམས་ཤོག་དེ་ཟླ5བའི་ཚེས26ཉིན་སྤེལ་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཁོངས་ཕྱིའི་སྤྱི་དམངས་ཀྱི་འདེམས་ཤོག་དེ་ཟླ5བའི་ཚེས20ཉིན་སྤེལ་རྒྱུ་རེད་ཅེས་ཁྱབ་བསྒྲགས་བྱས་ཤིང་། ཟླ་འདིའི་ཚེས19ཉིན་ནས་ཚེས28ཉིན་བར། ཙུང་ཐུང་འདེམས་བསྐོའི་ཁྲོད་ཞུགས་འདོད་ཡོད་པའི་མི་ཡིས་སུ་རུ་ཡའི་མཐོ་རིམ་བཅའ་ཁྲིམས་ཁྲིམས་ཁང་ལ་རེ་ཞུའི་ཡི་གེ་སྤྲད་ཆོག

སུ་རུ་ཡའི་བཅའ་ཁྲིམས་ལྟར་ན། ཙུང་ཐུང་གི་འགན་ཡུན་ལོ7ཡིན་ཞིང་།དེ ་འདེམས་མིས་ཐད་ཀར་དུ་འདེམས་བསྐོ་བྱས་ཏེ་བྱུང་བ་ཡིན་ཞིང་། འདེམས་སྒུག་པར་འདེམས་ཤོག་མང་ཤོས་ཐོབ་ན་ད་གཟོད་ཙུང་ཐུང་ལ་བསྡད་ཆོག

ད་ལྟའི་ཙུང་ཐུང་པཱ་ཧྲའར་གྱིས2000ལོ་ནས་བཟུང་ད་ལྟའི་བར་དུ་ཙུང་ཐུང་གི་འགན་བཞེས་པ་དང་། ད་ལྟའི་བར་དུ་ད་ལོའི་ཙུང་ཐུང་འདེམས་བསྐོའི་ཁྲོད་ཞུགས་རྒྱུ་ཡིན་མིན་གྱི་འདོད་ཚུལ་བསྟན་མེད།།

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།