ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་གྲོས་ཁང་གིས་ཟླ་ལྔ་བའི་ནང་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

འདི་ནི་ཟླ4བའི་ཚེས18ཉིན་སི་རི་ཡཱའི་ཏཱ་མཱ་ཧྲི་ཀི་ནས་པར་བླངས་པའི་གྲོས་ཁང་གི་ཚོགས་རའི་ཡུལ་དངོས་རྣམ་པ་རེད། 

2.jpg

འདི་ནི་ཟླ4བའི་ཚེས18ཉིན་སི་རི་ཡཱའི་ཏཱ་མཱ་ཧྲི་ཀི་ནས་པར་བླངས་པའི་གྲོས་ཁང་གི་ཚོགས་རའི་ཡུལ་དངོས་རྣམ་པ་རེད། 

3.jpg

འདི་ནི་ཟླ4བའི་ཚེས18ཉིན་སི་རི་ཡཱའི་ཏཱ་མཱ་ཧྲི་ཀི་ནས་པར་བླངས་པའི་གྲོས་ཁང་གི་ཚོགས་རའི་ཡུལ་དངོས་རྣམ་པ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། སི་རི་ཡཱའི་གྲོས་ཁང་གིས་ཚེས18ཉིན་ཁྱབ་སྒྲོག་བྱས་དོན། སི་རི་ཡཱའི་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཟླ་ལྔ་བར་སྤེལ་རྒྱུ་ཡིན་ཟེར། 

སི་རི་ཡཱའི་མི་དམངས་གྲོས་ཁང་གི་གྲོས་དཔོན་སཱ་པཱ་ཀི་ཡིས་ཉིན་དེར་གྲོས་ཁང་གི་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། སི་རི་ཡཱའི་མངའ་ཁོངས་ཀྱི་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་སྤེལ་རྒྱུ་ཡིན་པ་དང་། ཕྱི་རྒྱལ་དུ་ཡོད་པའི་སྤྱི་དམངས་ཀྱི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཟླ་ལྔ་བའི་ཚེས་ཉི་ཤུ་ཉིན་སྔ་སྣུར་གྱིས་སྤེལ་རྒྱུ་ཡིན་ཟེར། ཟླ་འདིའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར། ཙུང་ཐུང་འདེམ་བསྐོར་ཞུགས་འདོད་པའི་མི་ཚང་མས་སི་རི་ཡཱའི་མཐོ་རིམ་རྩ་ཁྲིམས་ཁྲིམས་ཁང་ལ་རེ་ཞུའི་ཡི་གེ་སྤྲོད་དགོས་ཟེར། 

སི་རི་ཡཱའི་རྩ་ཁྲིམས་ལྟར་ན། ཙུང་ཐུང་གི་འགན་ཡུན་ལོ་བདུན་ཡིན་པ་དང་། འདེམ་དམངས་ཀྱིས་ཐད་ཀར་འདེམ་བསྐོ་བྱས་ནས་བདམས་ཐོན་འབྱུང་བ་ཡིན་ལ། འདེམ་སྒུག་མི་སྣར་ཕྱེད་ཀ་བརྒལ་བའི་འདེམ་ཤོག་ཐོབ་ན་ད་གཟོད་བདམས་ཐོན་ཐུབ་པ་རེད། 

ད་ལྟའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་ཉིས་སྟོང་ལོ་ནས་ད་ལྟའི་བར་བསྟུད་འགན་ཁུར་བ་ཡིན་ལ། ད་ལོའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་ཞུགས་མིན་གསལ་བོར་བསྟན་མེད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།