ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲིར་ནུབ་ཕྱོགས་ཀྱི་གྲོང་སྡེ་ཞིག་ལ་འཇབ་རྒོལ་ཐེབས་ཏེ་མི་སེར་དཀྱུས་མ་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ནེ་ཀྲིར་གྱི་རྒྱལ་སྲུང་བློན་ཆེན་དབྱིན་ཏཱ་ཐུའུ་ཡིས་ཚེས18ཉིན་བཤད་རྒྱུར། དྲག་ཆས་ཉེས་ཅན་མང་བོས་ཚེས17ཉིན་གྱི་དགོང་མོར་རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་ཏིས་ལཱ་པེ་ལི་ས་ཁུལ་ཆེན་མོའི་སྡེ་བ་ཞིག་ལ་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ19རྐྱེན་ལམ་དུ་ཤོར་ཟེར། 

དབྱིན་ཏཱ་ཐུའུ་ཡིས་ནེ་ཀྲིར་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་བཤད་རྒྱུར། དྲག་ཆས་ཉེས་ཅན་མང་བོས་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་ཏིས་ལཱ་པེ་ལི་ས་ཁུལ་ཆེན་མོའི་སྡེ་བ་ཞིག་ལ་འཇབ་རྒོལ་བྱས་ཏེ། དུར་མཆོད་ལ་ཞུགས་པའི་སྡེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག

དབྱིན་ཏཱ་ཐུའུ་ཚེས་བཅོ་བརྒྱད་ཉིན་འཇབ་རྒོལ་ཐེབས་པའི་སྡེ་བར་སོང་ནས། ནེ་ཀྲིར་སྲིད་གཞུང་གི་ཚབ་བྱས་ཏེ་འདས་པོའི་ཁྱིམ་མིར་འཚམས་འདྲི་བྱས། ཁོས་བསྟན་དོན། ནེ་ཀྲིར་བདེ་འཇགས་དམག་དཔུང་གིས་མུ་མཐུད་དུ་མང་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། 

མིག་སྔའི་བར་དུ་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་མེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།