ནེ་ཀྲི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་གྲོང་རྡལ་ཞིག་ལ་འཇབ་རྒོལ་ཐེབས་ནས་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱའི་དཔོན་རིགས་ཀྱིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ནེ་ཀྲི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་པའོ་ཨར་ནོའུ་མངའ་སྡེའི་ཏཱ་མཱ་སཱ་ཁི་གྲོང་རྡལ་དུ་ཉེ་སྔོན་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་མི་ཉེར་གཅིག་ལ་རྨས་ཕོག་ཡོད་ཟེར། 

པའོ་ཨར་ནོའུ་མངའ་སྡེའི་མགོ་བ་ཙུའུ་ལུའུ་མུའུ་ཡིས་ཚེས་བཅུ་དྲུག་ཉིན་མཱ་སཱ་ཁི་གྲོང་རྡལ་དུ་རྟོག་ཞིབ་བྱེད་སྐབས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩལ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཉེ་སྔོན་མཱ་སཱ་ཁི་གྲོང་རྡལ་དུ་འཇབ་རྒོལ་བྱས། རྒྱུས་ལོན་བྱས་པ་བརྒྱུད། འཇབ་རྒོལ་དོན་རྐྱེན་དེ་ལས་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་གཅིག་ལ་རྨས་ཕོག་ཡོད། ས་དེའི་ཁང་བ་རེ་འགར་གཏོར་བརླག་ཐེབས་ཡོད་ལ། དེའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རོགས་སྐྱོར་སྒྲིག་ཆས་ཤིག་དང་ཉེན་རྟོག་ཅུའུ་ཞིག སྡོད་དམངས་ཀྱི་སྡོད་ཁང་ཞིག་བཅས་འདུས་ཟེར། 

ཙུའུ་ལུའུ་མུའུ་ཡིས་བཤད་རྒྱུར། སྲིད་གཞུང་གིས་ཐེངས་འདིའི་འཇབ་རྒོལ་ལས་བཟོས་པའི་གྱོང་གུད་ལ་དཔྱད་འཇོག་བྱེད་བཞིན་ཡོད་པ་དང་། བྱེད་ཐབས་སྤྱད་དེ་ས་དེའི་བདེ་སྲུང་སྟོབས་ཤུགས་ལ་ཤུགས་སྣོན་བྱས་ཏེ་འཇབ་རྒོལ་དོན་རྐྱེན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།