ཨ་རིས་ཨུ་རུ་སུར་བཀག་སྡོམ་བཀའ་རྒྱ་གསར་བ་བསྒྲགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེ་གའི་དུས་ཚོད་ཚེས15ཉིན། ཨ་རིའི་ཕོ་བྲང་དཀར་པོའི་གསར་འགྱུར་བསྡུས་འཕྲིན་གཞུང་ཕྱོགས་དྲ་བ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཙུང་ཐུང་པེ་ཏིང་གིས་ཨུ་རུ་སུར་བཀག་བསྡོམ་བྱེད་པའི་བཀའ་རྒྱར་མིང་རྟགས་བཀོད། 

ཨུ་རུ་སུའི་འཁོར་སྐར་དྲ་བས་ཚེས15ཉིན། ཨ་རིའི་ཕོ་བྲང་དཀར་པོས་ཨུ་རུ་སུའི་ཕྱི་འབྲེལ་དཔོན10མཐར་སྤྲོད་རྒྱུ་རེད་ཅེས་གནས་ཚུལ་བཀོད་ཡོད། 

དེ་སྔོན། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་རྒྱལ་སྤྱིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་པོ་ཧྥེ་ལ་ཅི་སྨི་ཨར·ཅ་པ་ལའོ་ཧྥུའུ་ཡིས་གལ་ཏེ་ཨ་རིས་ཨུ་རུ་སུར་བཀག་སྡོམ་བྱེད་ན། ཨུ་རུ་སུས་དེ་ལ་ཁ་ཡ་མི་བྱེད་པར་སྐྱུར་མི་སྲིད། ཨུ་རུ་སུའི་ཕྱི་འབྲེལ་དཔོན་མཐར་སྤྲད་ན་ཨུ་རུ་སུས་ཀྱང་དེ་འབྲེལ་གྱི་རྩ་དོན་ལྟར་ཨ་ལན་སློག་སྲིད་ཅེས་བསྟན། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།