ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་དང་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིས་ཁ་པར་བརྒྱུད་དེ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་བཞི་ཉིན་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞི། སུའེ་ཏེན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ལིན་ཏི་ལ་ཁ་པར་བཏང་། ཕྱོགས་གཉིས་ཀྱིས་གཙོ་བོ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་ཉིན་དེར་སྤྱི་སྒྲོག་སྤེལ་ཏེ། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཁ་པར་གཏོང་སྐབས་ཏོན་པཱ་སི་ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་བ་དང་། ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་འཁྲུག་རྩོད་བྱེད་སའི་ཉེ་འདབས་སུ་དམག་དཔུང་མངག་གཏོང་བྱས་པ། དུས་བཅད་ལྟར་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས་པར་སེམས་ཁུར་བྱེད་བཞིན་པའི་ཚུལ་བསྟན་པ་དང་། ས་ཁུལ་དེའི་གནད་དོན་ནི་མེན་སི་ཁིའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་རྨང་གཞིའི་སྟེང་ཞི་བའི་ཐབས་ཀྱིས་ཐག་གཅོད་བྱེད་དགོས་པ་བསྐྱར་སྒྲོག་བྱས་པར་མ་ཟད། འཁྲུག་རྩོད་ཕྱོགས་ཁག་སོ་སོས་ཆ་རྐྱེན་མེད་པའི་སྒོ་ནས་ཉིས་སྟོང་ཉི་ཤུ་ལོའི་ཟླ་བདུན་པར་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་ཁ་གསབ་བྱེད་ཐབས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་ཝུའུ་ཁི་ལན་དུ་སྡོད་པའི་དམིགས་བསལ་ལྟ་ཞིབ་ཚོགས་པས་བྱེད་ཐབས་སྤྱད་དེ། འཁྲུག་རྩོད་བྱེད་སའི་ཉེ་འདབས་སུ་ལྟ་རྟོག་བྱས་ནས། ཝུའུ་ཁི་ལན་ཤར་ཕོགས་ས་ཁུལ་གྱི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་རེ་བ་བཏོན། 

ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གཡི་གནས་བབ་ཉེ་སྔོན་སྔར་ལས་ཛ་དྲག་ཏུ་འགྱུར་བཞིན་ཡོད། ཝུའུ་ཁི་ལན་ཕྱོགས་ཀྱིས་བཤད་རྒྱུར། ཨུ་རུ་སི་ཡིས་མཐའ་མཚམས་ས་ཁུལ་དུ་དམག་དཔུང་བསྡུ་རུབ་བྱེད་བཞིན་ཡོད་པ་དང་། དེས་ཝུའུ་ཁི་ལན་གྱི་བདེ་འཇགས་ལ་འཇིགས་ཉེན་བཟོས་ཡོད་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་སྟོབས་ཤུགས་གཞན་པའི་དམག་དཔུང་དག་ཨུ་རུ་སིའི་མཐའ་མཚམས་ས་ཁུལ་དུ་འགྲོ་འདུག་རྒོད་པས། ཨུ་རུ་སིའི་ཕྱོགས་ཀྱིས་དོགས་ཟོན་མཐོར་འདེགས་མི་བྱེད་ཐབས་མེད་བྱུང་ཡོད་ལ། ཨུ་རུ་སི་ཡིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་མཐའ་མཚམས་བདེ་འཇགས་ལ་འགན་སྲུང་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།