ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གྱིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་བླུགས་རྒྱུ་དངོས་སུ་ཐག་བཅད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཚེས13ཉིན་གྱི་སྔ་དྲོར། འཇར་པན་སྲིད་གཞུང་གིས་ནང་བློན་གྲོས་ཚོགས་འཚོགས་པ་དང་། ཚོགས་འདུར་ཏུང་ཅིན་གློག་ཤུགས་ཀུང་སིའི་ཧྥུའུ་ཏའོ་ཉིང་རྡུལ་གློག་ཤུགས་ས་ཚུགས་དང་པོའི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་བླུགས་རྒྱུ་དངོས་སུ་ཐག་བཅད། ད་ལྟའི་བར་ཉིང་རྡུལ་དོན་རྐྱེན་ཁྲོད་སླར་གསོ་བྱུང་མེད་པའི་སྡོད་དམངས་དང་ཉ་ལས་དང་འབྲེལ་བའི་མི་སྣས། བྱ་ཐབས་འདི་ལས་བྱུང་བའི་ཤུགས་རྐྱེན་ངན་པར་སེམས་ཁུར་ཆེན་པོ་བྱེད་བཞིན་འདུག 

微信图片_20210413093308.jpg

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་མཚོར་མ་བླུགས་སྔོན་དུ་ཧ་ལམ་ལོ་གཉིས་ཙམ་ལ་སྒྲིག་ཆས་ཀྱིས་བྱ་བ་སྤེལ་དགོས། འཇར་པན་ཕྱོགས་ཀྱིས་ཉིང་རྡུལ་བཙོག་ཆུའི་ཁྲོད་དུ་མིག་སྔའི་ལག་རྩལ་གྱིས་སེལ་མི་ཐུབ་པའི་འབྱེད་འཕྲོ་རང་བཞིན་གྱི་དངོས་རྫས་འདུས་ཡོད་པས། ཉ་བར་ཤུགས་རྐྱེན་ངན་པ་ཐེབས་ན། ཏུང་ཅིན་གློག་ཤུགས་ཀུང་སིས་སྐྱིན་ཚབ་སྤྲོད་རྒྱུ་བྱས་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།