ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་ཧན་གོས་གང་མགྱོགས་སྒོས་ཧན་གོར་ཡོད་པའི་དབྱི་ལིང་གི་མ་དངུལ་བཀག་འཇོག་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཙུང་ཐུང་གཞོན་པ་དང་པོ་ཅཱ་ཧན་ཅི་ལི་ཡིས་ཚེས་བཅུ་གཅིག་ཉིན་བསྟན་དོན། ཧན་གོས་དབྱི་ལིང་གི་མ་དངུལ་བཀག་འཇོག་བྱས་ཏེ་དབྱི་ལིང་གིས་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པར་གནོད་པ་ཐེབས་ཡོད་པས། ཧན་གོ་ཕྱོགས་ཀྱིས་མྱུར་མོར་དབྱི་ལིང་གི་མ་དངུལ་བཀག་འཇོག་བྱེད་མཚམས་འཇོག་དགོས་ཟེར། 

དབྱི་ལིང་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཧན་གོའི་རྒྱལ་སྲིད་ཙུང་ལི་ཏེན་ཧྲི་ཅོན་ཉིན་དེར་ཏི་ཧེ་ལན་དུ་འབྱོར་ནས། དབྱི་ལིང་ལ་འཚམས་འདྲི་བྱེད་མགོ་བརྩམས། ཅཱ་ཧན་ཅི་ལི་ཡིས་ཏེན་ཧྲི་ཅོན་དང་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཧན་གོས་འདས་པའི་ལོ་གསུམ་ནང་ནམ་རྒྱུན་ཨ་མེ་རི་ཁའི་རྗེས་འབྲངས་ནས་དབྱི་ལིང་ལ་ཁྲིམས་འགལ་བཀག་སྡོམ་བྱས་པས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་གནོད་པ་ཐེབས་ཡོད་ཟེར། 

ཅཱ་ཧན་ཅི་ལི་ཡིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་སྐབས་སུ་དབྱི་ལིང་ལ་མ་དངུལ་དེ་དགོས་གལ་ཧ་ཅང་ཆེ་བ་དང་། ཧན་གོའི་ཕྱོགས་ཀྱི་བཀག་འཇོག་བྱ་སྤྱོད་དེས་དབྱི་ལིང་གིས་མ་དངུལ་དེ་བཀོལ་ནས་སྨན་བཅོས་སྒྲིག་ཆས་དང་སྨན་རྫས་སོགས་རིམས་འགོག་མཁོ་དངོས་ཉོ་བསྡུ་བྱེད་ཐབས་མེད་པར་གྱུར། ཧན་གོའི་སྲིད་གཞུང་གིས་དུས་ཡུན་ཐུང་ངུའི་ནང་བཀག་འཇོག་བྱས་པའི་དབྱི་ལིང་གི་མ་དངུལ་དེ་བཀག་འགོག་བྱེད་མཚམས་འཇོག་དགོས་ཟེར། 

ཏེན་ཧྲི་ཅོན་གྱིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བར་ཤུགས་སྣོན་པ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་གཞན་པའི་ཐད་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱས་ཡོད། ཧན་གོས་བལྟས་ན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་གྲོས་མོལ་ལ་འཛུགས་སྐྲུན་རང་བཞིན་ལྡན་པར་འདོད། ཧན་གོ་ཕྱོགས་ཀྱིས་དབྱི་ལིང་དང་ཕྱོགས་ཁག་གཞན་པ་དག་དང་མཉམ་དུ་དབྱི་ལིང་གི་མ་དངུལ་བཀག་འཇོག་བྱེད་མཚམས་འཇོག་པའི་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།