ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་དང་ཐུར་ཁེའི་ཙུང་ཐུང་གིས་གྲོས་མོལ་བྱས་ཏེ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅུ་ཉིན་འཚམས་འདྲིར་ཡོང་བའི་ཐུར་ཁེ་དང་ཝུའུ་ཁི་ལན་གྱི་མཐོ་རིམ་འཐབ་ཇུས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ལ་ཞུགས་པའི་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་མེན་སི་ཁིའི་གྲོས་མཐུན་རྨང་གཞིར་བྱས་ཏེ་གྲོས་མོལ་ལ་བརྟེན་ནས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན། 

ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལས་བཤད་རྒྱུར། ཐུར་ཁེ་ཡིས་ཝུའུ་ཁི་ལན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། ཕྱོགས་གཉིས་དང་ཕྱོགས་མང་བོའི་མཉམ་ལས་ལ་ཤུགས་སྣོན་བྱས་ནས། མཚོ་ནག་ས་ཁུལ་གྱི་གཏན་འཇགས་དང་བདེ་འཇགས་ལ་འགན་སྲུང་བྱེད་པར་རྒྱབ་སྐྱོར་བྱེད་ལ། ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་པར་མ་ཟད། ཕྱོགས་གཉིས་ཀྱིས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་དང་མི་རིགས་ཁ་བྲལ་རིང་ལུགས། ཐལ་སྤྱོད་རིང་ལུགས་བཅས་ལ་ཆམ་ཕབ་གཏོང་བའི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཐུར་ཁེ་དང་ཝུའུ་ཁི་ལན་གྱིས་སྔར་ལས་ལྷག་པའི་སྒོ་ནས་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་གྲོས་མོལ་མྱུར་དུ་སྤེལ་ཏེ། དངུལ་གཏོང་ཁོར་ཡུག་ལེགས་བཅོས་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།