ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥེ་ལེ་པེན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་སོ་པེ་ཧཱ་ནཱ་ཡིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཧྥེ་ལེ་པེན་དང་ཨ་མེ་རི་ཁས་ཚེས་བཅུ་གཉིས་ཉིན་ནས་བཟུང་དུས་ཡུན་གཟའ་འཁོར་གཉིས་ཀྱི་རིང་ལ་ཉིས་སྟོང་ཉེར་གཅིག་ལོའི་དཔུང་བ་མཉམ་གཤིབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་ཐག་བཅད་ཡོད་ཟེར།
པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་ད་ལོའི་དཔུང་བ་མཉམ་གཤིབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་གྱི་གཞི་རྒྱ་སྔར་ལོ་ལས་ཅུང་ཇེ་ཆུང་དུ་བཏང་ཡོད། སོ་པེ་ཧཱ་ནཱ་ཡིས་བཤད་རྒྱུར། ད་ལོའི་དམག་དོན་སྦྱོང་བརྡར་བྱ་འགུལ་ལ་དམག་མི་སྟོང་གཅིག་དང་བདུན་བརྒྱ་ལས་ཞུགས་མེད་པ་དང་། དེའི་ནང་ཨ་མེ་རི་ཁའི་དམག་མི་བདུན་བརྒྱ་དང་ཧྥེ་ལེ་པེན་གྱི་དམག་མི་སྟོང་གཅིག་འདུས་ཡོད་ལ། དམག་དོན་སྦྱོང་བརྡར་གྱི་ནང་དོན་སྐོར་ཞིག་སྐུད་ཐོག་ནས་སྤེལ་རྒྱུ་ཡིན་ཟེར།
དཔུང་བ་མཉམ་གཤིབ་ཅེས་པའི་དམག་དོན་སྦྱོང་བརྡར་བྱ་འགུལ་ནི་ཧྥེ་ལེ་པེན་དང་ཨ་མེ་རི་ཁའི་རྒྱུན་སྲོལ་གྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཞིག་ཡིན་པ་དང་། རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་ཧྥེ་ལེ་པེན་དང་ཨ་མེ་རི་ཁས་ཉིས་སྟོང་ཉི་ཤུ་ལོར་དཔུང་བ་མཉམ་གཤིབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་རྩིས་མེད་དུ་བཏང་བ་རེད། །