ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་དང་ཨུ་རུ་སི་ཡིས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་ཡིད་འཐད་བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

 ཟླ4བའི་ཚེས7ཉིན། ཕཱ་ཁི་སི་ཐན་གྱི་ཙུང་ལི་དབྱེ་མུའུ་ལན་ཧན་གྱིས་དབྱི་སི་ལན་པའོ་ནས་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་གྲོས་མོལ་བྱས། 

2.jpg

ཟླ4བའི་ཚེས7ཉིན། ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་ཁུའུ་ལོས་ཞེ་ཡིས་དབྱི་སི་ལན་པའོ་ནས་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་མཉམ་དུ་དྲན་རྟེན་འདྲ་པར་བླངས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཕཱ་ཁི་སི་ཐན་གྱི་ཙུང་ལི་དབྱེ་མུའུ་ལན་ཧན་དང་ཕྱི་འབྲེལ་བློན་ཆེན་ཁུའུ་ལོས་ཞེ་ཡིས་ཚེས་བདུན་ཉིན་ཕཱ་ཁི་སི་ཐན་གྱི་རྒྱལ་ས་དབྱེ་སི་ལན་པའོ་ནས་སོ་སོར་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ནུས་ཁུངས་དང་ཉོ་ཚོང་། དམག་དོན། རིམས་འགོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་ཡིད་འཐད་བྱུང་། 

ཕཱ་ཁི་སི་ཐན་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། དབྱི་མུའུ་ལན་ཧན་གྱིས་གྲོས་མོལ་བྱེད་སྐབས་བསྟན་དོན། ཕཱ་ཁི་སི་ཐན་གྱིས་ཨུ་རུ་སིའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དང་། ཨུ་རུ་སི་རྒྱལ་ཁབ་དེ་ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་གྱི་ཐོག་མའི་ཁ་ཕྱོགས་སུ་བྱས་ཡོད། ཁོས་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་དང་ནུས་ཁུངས། དམག་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་སོང་བར་ཡིད་ཚིམས་པའི་ཚུལ་བསྟན། དབྱི་མུའུ་ལན་ཧན་གྱིས་ཨུ་རུ་སི་ཡིས་ཨ་ཧྥུའུ་ཧན་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་བྱ་བར་གཟེངས་བསྟོད་བྱས་པར་མ་ཟད། གྲོས་མོལ་གྱི་ཐབས་ལ་བརྟེན་ནས་ཆབ་སྲིད་ཀྱིས་ཨ་ཧྥུའུ་ཧན་གྱི་གནད་དོན་ཐག་གཅོད་བྱེད་པར་གལ་འགངས་ཧ་ཅང་ཆེ་བ་ནན་གྱིས་བསྟན། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཁུའུ་ལོས་ཞེ་དང་མཉམ་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས་སྐབས་བཤད་རྒྱུར། ཨུ་རུ་སི་ཡིས་ཕཱ་ཁི་སི་ཐན་བར་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པ་དང་། ཕཱ་ཁི་སི་ཐན་ལ་དམིགས་བསལ་སྒྲིག་ཆས་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། རྒྱལ་ཁབ་གཉིས་ཀྱིས་ད་རུང་མུ་མཐུད་དུ་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བར་ཡིད་འཐད་བྱུང་། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཨ་ཧྥུའུ་ཧན་གྱི་བདེ་འཇགས་གནས་བབ་ཇེ་སྡུག་ཏུ་སོང་བར་སེམས་ཁུར་བྱེད་བཞིན་ཡོད། ཁོས་བཤད་རྒྱུར། ཨུ་རུ་སི་དང་ཕཱ་ཁི་སི་ཐན་ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཨ་ཧྥུའུ་ཧན་གྱི་ཕྱོགས་ཁག་སོ་སོས་བཟོད་སྒོམ་རང་བཞིན་གྱི་ཆབ་སྲིད་གྲོས་མོལ་ལ་བརྟེན་ནས་གྲོས་མཐུན་འགོད་པར་སྐུལ་འདེད་གཏོང་བར་ཡིད་འཐད་བྱུང་ཡོད་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཚེས་དྲུག་ཉིན་ཕཱ་ཁི་སི་ཐན་དུ་འབྱོར་ནས་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།