ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པཱ་ནུན་གྱི་ཙུང་ཐུང་གིས་ཨེ་ཅིབ་ཀྱི་འབད་བརྩོན་དེས་ལེ་པཱ་ནུན་གྱི་ནེ་ཀིའི་རྩ་འཛུགས་ཉམས་ཉེན་ཞི་འཇགས་སུ་གཏོང་བར་ཕན་ཐོགས་འབྱུང་བའི་རེ་བ་བཅངས་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་གྱིས་ཚེས་བདུན་ཉིན་ཙུང་ཐུང་བཞུགས་ཤག་ནས་འཚམས་འདྲིར་ཡོང་བའི་ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྲུའུ་ཁའེ་ལི་དང་གྲོས་མོལ་བྱེད་སྐབས་བསྟན་དོན། ཁོས་ཨེ་ཅིབ་ཀྱི་འབད་བརྩོན་དེས་ལེ་པཱ་ནུན་གྱི་ནེ་ཀིའི་རྩ་འཛུགས་ཉམས་ཉེན་ཞི་འཇགས་སུ་གཏོང་བར་ཕན་ཐོགས་འབྱུང་བའི་རེ་བ་བཅངས་ཡོད་ཟེར། 

ཨོ་ཨིན་གྱིས་ཨེ་ཅིབ་ཀྱིས་ལེ་པཱ་ནུན་གྱི་ཉམས་ཉེན་སྣ་ཚོགས་ཐག་གཅོད་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་པར་བཀའ་དྲིན་ཞུས་པ་དང་། ཨེ་ཅིབ་ཀྱིས་ལེ་པཱ་ནུན་སྲིད་གཞུང་གི་ནེ་ཀིའི་རྩ་འཛུགས་ཉམས་ཉེན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བར་ཕན་འབྲས་ཆེན་པོ་ཐོབ་པའི་རེ་བ་ཡོད་ཟེར། 

ཧྲུའུ་ཁའེ་ལི་ཡིས་བསྟན་དོན། ཨེ་ཅིབ་ཀྱིས་མུ་མཐུད་དུ་རང་ནུས་ཅི་ལྕོགས་ཀྱིས་ལེ་པཱ་ནུན་གྱིས་མྱུར་མོར་སྲིད་གཞུང་རྩ་འཛུགས་བྱས་ཏེ་རྒྱལ་ཁབ་དེ་ཉམས་ཉེན་སྣ་ཚོགས་ལས་ཐར་དུ་འཇུག་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། ཨེ་ཅིབ་དང་ས་ཁུལ། རྒྱལ་སྤྱི་བཅས་ཀྱི་ཕྱོགས་ནས་བལྟས་ན། ལེ་པཱ་ནུན་གྱི་ཆབ་སྲིད་ཉམས་ཉེན་ཡུན་རིང་ལ་ཐག་གཅོད་བྱེད་མ་ཐུབ་པར་ཀུན་གྱི་སེམས་མི་བདེ་བ་ཞིག་རེད་ཟེར། ཁོས་བསྟན་དོན། ལེ་པཱ་ནུན་གྱི་གཏན་འཇགས་དེ་རང་སྟེང་ལ་གལ་ཆེ་བར་མ་ཟད། ཨེ་ཅིབ་དང་ས་ཁུལ་ཧྲིལ་བོར་མཚོན་ནའང་གལ་འགངས་ཆེ་ཟེར། 

ཧྲུའུ་ཁའེ་ལི་ཡིས་ནན་གྱིས་བསྟན་དོན། ལེ་པཱ་ནུན་གྱིས་ངེས་པར་དུ་ཆོས་ལུགས་གྲུབ་མཐའི་དབྱེ་བ་མེད་པའི་ཆེད་མཁས་རྣམ་པའི་སྲིད་གཞུང་ཞིག་མྱུར་དུ་འཛུགས་དགོས་པ་དང་། དགོས་ངེས་ཀྱི་བཅོས་བསྒྱུར་སྤེལ་ནས་ས་ཁུལ་དང་རྒྱལ་སྤྱི་ནས་ལེ་པཱ་ནུན་ལ་རོགས་སྐྱོར་དང་རྒྱབ་སྐྱོར་བྱེད་པའི་སྒོ་གླེགས་ཕྱེ་དགོས་ཟེར། 

ཨོ་ཨིན་གྱིས་ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་གྱི་དགོང་མོར་བརྙན་རིས་གཏམ་བཤད་སྤེལ་ཏེ། འདེམ་སྒུག་ཙུང་ལི་ཧཱ་ལི་ལི་ཙུང་ཐུང་བཞུགས་ཤག་ཏུ་གདན་ཞུ་བྱས་ཏེ་གྲོས་མོལ་བྱས་པ་དང་། ཁོས་མྱུར་དུ་ནེ་ཀི་གསར་བ་རྩ་འཛུགས་བྱས་ནས་རྒྱལ་ཁབ་སྔར་ལས་ཁ་ཐོར་ཉམས་དམས་སུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།